དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 16 March 2012
༄༅། །ཤིང་བཟའ་རིན་པོ་ཆེའི་ཞབས་བརྟན་སྨྱུང་གནས་ལས་ཆོག ། །
ན་མོ་གུ་རུ་ཨ་ཝ་ལོ་ཀི་ཤྭ་ར་ཡེ། །
སྙིང་རྗེ་ཆེན་པོས་གངས་ཅན་སྡུག་བསྔལ་གཟིགས། །
ཤེས་རབ་བཟང་པོས་དཀའ་སྤྱད་སྨྱུང་གནས་མཛད། །
འཛམ་གླིང་མི་ཡི་རང་དབང་དོན་གཉེར་ལ། །
བོད་འབངས་སྐྱབས་བཅོལ་གནང་བར་ཞབས་བརྟན་ཤོག །
འོད་དཀར་ཆོས་ཀྱི་སྣང་བས་ས་གསུམ་ཁྱབ། །
གངས་ཅན་བདེན་པའི་རང་བཞིན་གསལ་བོ་སྟོན། །
བསྟན་སྲིད་རིན་ཆེན་འཛིན་པའི་སྤྲུལ་པའི་སྐུ། །
ཤིང་བཟའ་བླ་མའི་ཞབས་པད་བརྟན་གྱུར་ཅིག །
ཤྲྰིས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment