དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 7 September 2012
ཨེ་མ་ཧོའི་ལས་ཁང་ལ་རྟེན་འབྲེལ་སྨོན་ལམ། །
ཨེ་མ་ཧོ།
ཨེ་མ་ཧོ་ལ་རྟེན་འབྲེལ་ཞུ། །
བོད་ཡིག་ཀུན་ཁྱབ་འབྱུང་བ་དང་། །
ཀུན་མཐུན་ཆིག་སྒྲིལ་ཆ་འཕྲིན་གྱིས། །
འཛམ་གླིང་ཞི་བདེའི་རྒྱན་ཏུ་སྨོན། །
ཁ་བརྡ་བཤད་སའི་བརྡ་སྤྲོད་མཆོག །
དགོས་མཁོ་ཉོ་སའི་ཚོང་ལས་ཁང་། །
བརྩེ་དུང་བཤད་སའི་འོད་དཀར་གླིང་། །
འཆད་ཉན་སྒོམ་སའི་ཆོས་གྲྭ་ཆེ། །
གངས་ལྗོངས་ཞིང་སྐད་ཨེ་མ་ཧོ། །
ཆོས་རིག་གཏེར་མཛོད་ཨེ་མ་ཧོ། །
དཔལ་འབྱོར་ཚོང་ལས་ཨེ་མ་ཧོ། །
དུ་ཁའི་ཁ་གནོན་ཨེ་མ་ཧོ། །
སྤུན་ཟླའི་ཟམ་ཆེན་ཨེ་མ་ཧོ། །
ཀྲུང་གོའི་སྲོག་ཤིང་རིག་པའི་གཞུང་། །
འཛམ་གླིང་ཞི་བདེའི་སྤྱི་སྐད་དུ། །
ཀུ་ཤུའི་རྟགས་བཞིན་ཨེ་མ་ཧོ། །
འཇིག་རྟེན་མཛེས་པའི་རྒྱན་དུ་སྨོན། །
ཨེ་མ་ཧོ་ཡི་རྟགས་ཅན་གྱི། །
མཚོ་སྔོན་ལ་སོགས་བོད་ཡུལ་དུ། །
ཕ་སྐད་གཙང་མའི་རྒྱན་དུ་ཤོག །
ཨེ་མ་ཧོ་ཡི་གློག་རྡུལ་གྱི། །
ཚན་རྩལ་ཚད་ལྡན་ཚོང་ཁང་དུ། །
གསར་སྤེལ་རིག་འཕྲུལ་བོད་ཡིག་གི། །
བཀོལ་སྤྱོད་ཚུལ་བཞིན་ནུས་པར་ཤོག །
རྒྱ་ཡིག་ཀླད་རྒྱ་སྐེམ་པར་ཤོག །
དབྱིན་ཡིག་འགྲམ་ཆུ་སྡང་བར་ཤོག །
གཞན་ཡིག་ཀུན་གྱི་རྒྱལ་པོ་ཤོག །
ཁྱད་ཆོས་ཀུན་གྱིས་ཡིད་སྨོན་ཤོག །
འགྲོ་དོན་འཛམ་གླིང་རྒྱན་དུ་ཤར། །
དབྱངས་གསལ་སྒྱུ་འཕྲུལ་དྲ་བ་ཡིས། །
སྐྱེ་རྒུའི་རྨོངས་མུན་ཀུན་བསལ་ནས། །
མ་རིག་ཀུན་སེལ་ཨེ་མ་ཧོ། །
ཞེས་པ་འདི་ཡང་གང་དྲན་དུ་ཨེ་མ་ཧོས་རྟེན་འབྲེལ་ལེགས་སྐྱེས་སུ་ཕུལ། །
ཨེ་མ་ཧོ།
ཨེ་མ་ཧོ་ལ་རྟེན་འབྲེལ་ཞུ། །
བོད་ཡིག་ཀུན་ཁྱབ་འབྱུང་བ་དང་། །
ཀུན་མཐུན་ཆིག་སྒྲིལ་ཆ་འཕྲིན་གྱིས། །
འཛམ་གླིང་ཞི་བདེའི་རྒྱན་ཏུ་སྨོན། །
ཁ་བརྡ་བཤད་སའི་བརྡ་སྤྲོད་མཆོག །
དགོས་མཁོ་ཉོ་སའི་ཚོང་ལས་ཁང་། །
བརྩེ་དུང་བཤད་སའི་འོད་དཀར་གླིང་། །
འཆད་ཉན་སྒོམ་སའི་ཆོས་གྲྭ་ཆེ། །
གངས་ལྗོངས་ཞིང་སྐད་ཨེ་མ་ཧོ། །
ཆོས་རིག་གཏེར་མཛོད་ཨེ་མ་ཧོ། །
དཔལ་འབྱོར་ཚོང་ལས་ཨེ་མ་ཧོ། །
དུ་ཁའི་ཁ་གནོན་ཨེ་མ་ཧོ། །
སྤུན་ཟླའི་ཟམ་ཆེན་ཨེ་མ་ཧོ། །
ཀྲུང་གོའི་སྲོག་ཤིང་རིག་པའི་གཞུང་། །
འཛམ་གླིང་ཞི་བདེའི་སྤྱི་སྐད་དུ། །
ཀུ་ཤུའི་རྟགས་བཞིན་ཨེ་མ་ཧོ། །
འཇིག་རྟེན་མཛེས་པའི་རྒྱན་དུ་སྨོན། །
ཨེ་མ་ཧོ་ཡི་རྟགས་ཅན་གྱི། །
བོད་ཡིག་ལག་འཕྲིན་ཐོན་པར་བཟང་། །
ཕ་སྐད་གཙང་མའི་རྒྱན་དུ་ཤོག །
ཨེ་མ་ཧོ་ཡི་གློག་རྡུལ་གྱི། །
ཚན་རྩལ་ཚད་ལྡན་ཚོང་ཁང་དུ། །
གསར་སྤེལ་རིག་འཕྲུལ་བོད་ཡིག་གི། །
བཀོལ་སྤྱོད་ཚུལ་བཞིན་ནུས་པར་ཤོག །
རྒྱ་ཡིག་ཀླད་རྒྱ་སྐེམ་པར་ཤོག །
དབྱིན་ཡིག་འགྲམ་ཆུ་སྡང་བར་ཤོག །
གཞན་ཡིག་ཀུན་གྱི་རྒྱལ་པོ་ཤོག །
ཁྱད་ཆོས་ཀུན་གྱིས་ཡིད་སྨོན་ཤོག །
འགྲོ་དོན་འཛམ་གླིང་རྒྱན་དུ་ཤར། །
དབྱངས་གསལ་སྒྱུ་འཕྲུལ་དྲ་བ་ཡིས། །
སྐྱེ་རྒུའི་རྨོངས་མུན་ཀུན་བསལ་ནས། །
མ་རིག་ཀུན་སེལ་ཨེ་མ་ཧོ། །
ཞེས་པ་འདི་ཡང་གང་དྲན་དུ་ཨེ་མ་ཧོས་རྟེན་འབྲེལ་ལེགས་སྐྱེས་སུ་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment