དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 8 October 2012

༄༅། །ཨེ་མ་ཧོའི་ཆོས་ཚོགས་ཀྱི་སྨོན་ལམ།


དཔལ་དགྱེས་པ་རྡོ་རྗེའི་ཆོས་གླིང་། །
ཨེ་མ་ཧོ། །
དགེ་འདུན་ལུགས་གཉིས་སྒྲུབ་པའི་བསྟན་སྲིད་དཔལ། །
བྱང་ཆུབ་སེམས་གཉིས་སྤྱོད་མཛད་དགྱེས་པའི་གར། །
གསང་ཆེན་རིམ་གཉིས་རྣལ་འབྱོར་རྡོ་རྗེའི་ཆོས། །
ཕན་བདེའི་བདེན་གཉིས་རྟག་ཏུ་བརྟན་གྱུར་ཅིག
 
ཀུན་བཟང་ཆོས་གླིང་། །
ཨེ་མ་ཧོ། །
ཞི་གནས་ཏིང་འཛིན་རྒྱལ་པོའི་ངང་དུ་གནས། །
ལྷག་མཐོང་སྤྲོས་བྲལ་རྟོགས་པའི་རིག་འཛིན་ལམ། །
ཁྲེགས་ཆོད་ཐོད་རྒལ་སྒོམ་པའི་རྣལ་འབྱོར་ཚོགས། །
ཀུན་བཟང་ཆོས་གླིང་འཁོར་འདས་དཔལ་དུ་ཤོག །
 
ཨེ་ཝྃ་ཆོས་སྨན་གླིང་།

ཨེ་མ་ཧོ། །
ལྷག་བསམ་ཀུན་ཕན་ཞི་བདེའི་འོད་སྣང་གིས། །
སྡུག་ཀུན་ཉེས་ཚོགས་མུན་པའི་དཔུང་བཅོམ་ཕྱིར། །
ཨེ་ཝྃ་ཆོས་སྨན་བཤད་སྒྲུབ་དགའ་ཚལ་གྱི། །
རྒྱལ་བསྟན་དར་རྒྱས་འགྲོ་ཀུན་སྨིན་གྲོལ་ཤོག །
 
དཔལ་ཆེན་རྡོ་རྗེའི་ཆོས་གླིང་། །
ཨེ་མ་ཧོ། །
ངེས་འབྱུང་ལྡན་པའི་དགེ་བཅུ་སྒྲུབ་པའི་དཔལ། །
ཐེག་ཆེན་བསྟན་པའི་སྙིང་དོན་བཤད་སྒྲུབ་མཛད། །
བཀའ་གཏེར་རྡོ་རྗེ་ཐེག་པའི་ཆོས་གླིང་འདི། །
སྲིད་མཐའི་བར་དུ་དར་རྒྱས་ཕུན་ཚོགས་ཤོག །
 
ཤྲྰིཿདྷརྨྰ་ཀིརྟིའི་སློབ་གླིང་།
ཨེ་མ་ཧོ། །
ཕྱོགས་ལས་རྣམ་རྒྱལ་དཔལ་ལྡན་ཆོས་གྲགས་བཞིན། །
ཚིག་དོན་རིགས་པའི་ལམ་ནས་ཇི་བཞིན་རྟོགས། །
ཐེག་དགུའི་བདེན་བཞི་མ་ནོར་བཤད་སྒྲུབ་པའི། །
སྔ་འགྱུར་གཙུག་ལག་སློབ་གླིང་དར་རྒྱས་ཤོག །
 
བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས།
ཨེ་མ་ཧོ། །
བོད་བརྒྱུད་ཐུབ་བསྟན་ཡོངས་རྫོགས་སྔ་འགྱུར་པའི། །
རྣལ་འབྱོར་རིག་འཛིན་རྒྱལ་བའི་ཆོས་ཚོགས་ཆེའི། །
འཕགས་ཚོགས་དགེ་འདུན་རྒྱ་མཚོའི་ཕྲིན་ལས་ཀུན། །
ཀུན་བཟང་རྫོགས་ལྡན་དཔལ་དུ་སྨིན་གྲོལ་ཤོག །
 
ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས།
ཨེ་མ་ཧོ། །
ཨེ་ཝྃ་རིག་འཛིན་འདུས་སྡེ་རྫོགས་ཆེན་པ། །
ཆོས་ཉིད་བདེན་པའི་དོན་གཟིགས་སྔ་འགྱུར་པའི། །
རང་བཞིན་འོད་གསལ་སྙིང་པོའི་བསྟན་སྲིད་ཀྱི། །
ལུང་རྟོགས་བཤད་སྒྲུབ་འཛིན་སྐྱོང་སྤེལ་བར་ཤོག །
 
ཨེ་ཝྃ་དུས་འཁོར་བཀའ་གཏེར་ཆོས་གླིང་།
ཨེ་མ་ཧོ། །
ཨེ་ཝྃ་གཉུག་སེམས་དཔལ་ལྡན་དུས་འཁོར་ལོའི། །
ཕྱི་ནང་གསང་གསུམ་བཀའ་གཏེར་གདམས་པའི་མཛོད། །
ཆོས་རིག་བཤད་སྒྲུབ་ཕྲིན་ལས་རྡོ་རྗེའི་དབང་། །
བསྟན་འགྲོའི་མགོན་དུ་རྟག་ཏུ་བརྟན་གྱུར་ཅིག །
 
ཨེ་ཝྃ་འཐེབ་རྩ་མཐུན་ཚོགས།
ཨེ་མ་ཧོ། །
ཨེ་ཝྃ་ཆོས་རིག་དཔལ་འབྱོར་གངས་ཅན་པའི། །
འཐེབ་རྩ་མཐུན་ཚོགས་དྭ་རྒན་སློབ་གསོ་ཁང་། །
ན་རྒས་སྐྱེ་འཆི་སྐྱོབ་པའི་རོགས་དན་ཀུན། །
གང་བསམ་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་ཤོག །
 
༡༠
བོད་བརྒྱུད་ནང་བསྟན་བཤད་སྒྲུབ་ཆོས་གླིང་།
ཨེ་མ་ཧོ། །
བོད་བརྒྱུད་ནང་བསྟན་ལུང་རྟོགས་དམ་པའི་ཆོས། །
བཤད་སྒྲུབ་ཐོས་བསམ་སྒོམ་པའི་གདན་ས་ཆེ། །
ཆོས་རིག་ཟུང་འཇུག་བདེན་པའི་ལམ་བཟང་ཉིད། །
འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་གྱུར་ཅིག །
 
༡༡
ཨེ་ཝྃ་པདྨ་ཀ་རའི་ཆོས་ཚོགས།
ཨེ་མ་ཧོ། །
བཅོམ་ལྡན་འདས་དང་པདྨ་འབྱུང་གནས་ཀྱི། །
བཀའ་གཏེར་མདོ་སྔགས་རིག་གནས་ཟབ་རྒྱས་ལམ། །
ལུང་རྟོགས་བཤད་སྒྲུབ་ཚུལ་བཞིན་སྒྲུབ་པའི་ཚོགས། །
བསྟན་འགྲོའི་དཔལ་དུ་དར་སྨིན་རྒྱས་གྱུར་ཅིག །
 


 

0 comments:

ཟིན་བྲིས་འཚོལ་ཡུལ