དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 15 November 2012
ས་ཆུ་མེ་རླུང་ནམ་མཁའི་དགྲ་བོ་ཆེ།
ཀྱེ་མ་ཀྱེ་ཧུད།
ནོར་འཛིན་རྡུལ་ཕྲན་རྨོངས་པ་ནག་པོ་ཡིས། །
གངས་ལྗོངས་ཡུལ་ཤུལ་ཉམ་ཆུང་རིགས་དག་ལ། །
གཞི་ཁྱིམ་ཚེ་སྲོག་གཏོར་བརླགས་བཏངས་པ་ནི།
།
ས་བདག་ལྟོ་ཆེས་ཕྱོགས་རིས་བྱས་པ་འདྲ། །
གངས་ཆབ་བབ་རྒྱུན་འདོད་ཆགས་ཆུ་ཀླུང་ཆེས།
།
རང་ཡུལ་ཆོལ་གསུམ་ལས་གཞན་ཕྱོགས་མཐར་བབས།
།
ཞག་རྒྱུན་ལྗང་གུས་བསྲེ་ལྷད་མང་དྲག་པས། །
རིགས་དྲུག་ཁྲག་རྒྱུན་ཡུལ་ངན་ཁྱབ་པར་བཞིན།
།
ཚ་བསྲེག་རྡུལ་ཕུང་ཞེ་སྡང་དམར་པོ་ཡིས། །
རང་གཞན་གནོད་པའི་ཚེ་སྲོག་ཡོངས་བཏང་ནས། །
སྒྱུ་ལུས་མེ་བསྲེག་དམྱལ་བ་མྱོང་བ་ལྟར། །
མེ་འབར་འཁྲུགས་འཛིང་བལྟས་ངན་དངོས་སུ་ཤར།
།
ཏང་ཡན་ང་རྒྱལ་ནམ་མཁའ་སྔོན་པོ་ཡིས། །
ཕ་ནོར་བུ་ལ་དབང་བའི་གོ་སྐབས་འཕྲོག །
ཡང་མེས་བླ་བཙོང་ནང་རུལ་དགྲ་དགའ་ཚོས། །
བསྟན་སྲིད་ཁྱི་སྤྱང་ནག་མོའི་ཁོག་ཏུ་སྦས།
།
ཀླད་མེད་རྟོག་རླུང་ཕྲག་དོག་མིག་སེར་གྱིས།
།
ལྟ་གྲུབ་ཞེན་གོག་ཁྲག་རླུང་སྟོད་དུ་འཚངས།
།
ཆེ་རྒུའི་སྙིང་རྣམས་གདོན་བགེགས་ཞུགས་དང་མཚུངས།
།
ཤེས་བཞིན་ཆེད་གསོད་དུག་དྲིས་གོ་ལར་ཁྱབ།
།
ཀྱེ་མ་ཀྱེ་ཧུད་བོད་རྣམས་སྙིང་རེ་རྗེ། །
ཕྱི་ལྟར་སྣོད་ཀྱི་ལྷ་གཡང་གཞི་ནས་རལ། །
ནང་ལྟར་ཆགས་སྡང་རྨོངས་པའི་ལམ་དུ་གོལ། །
གསང་བ་བསྟན་སྲིད་ཉམས་པའི་བསྐལ་ངན་ཤར། །
སྐྱབས་གནས་བསླུ་མེད་ཨོ་རྒྱན་རིན་པོ་ཆེ།
།
ཡི་དམ་འཁྲུལ་མེད་ཐུགས་རྗེ་ཆེན་པོ་མཁྱེན།
།
མཁའ་འགྲོ་མཚུངས་མེད་རྗེ་བཙུན་སྒྲོལ་མ་དང་།
།
ཆོས་སྐྱོང་ཟླ་མེད་འཛམ་གླིང་གེ་སར་མཁྱེན།
།
འབྱུང་བའི་དགྲ་བགེགས་གནོད་པ་ཕྱི་རུ་སོལ།
།
རྣམ་རྟོག་དུག་ལྔའི་གནོད་པ་ནང་དུ་སོལ། །
འགལ་རྐྱེན་འཁྲུལ་བའི་གནོད་པ་དབྱིངས་སུ་སོལ།
།
མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག །
ཅེས་པ་འདི་ཡང་རབ་གནས་ཆུ་འབྲུག་ལྷ་བབས་དུས་ཆེན་ཟླ་བའི་སྐབས་སུ་བདེན་པའི་མེ་ལྕེ་ཟེར་བ་དང་རྫུན་པའི་སྤྲུལ་སྐུ་ཡོད་པ་སོགས་དུ་མ་མཐོང་བའི་རྐྱེན་ལས་གང་ཤར་དུ་སྐྱོ་གླུ་འགགས་མེད་རྡོ་རྗེ་རང་སྒྲ་རུ་འཆར་བ་བཞིན་དུ་ཝ་ཡེལ་བོད་བརྒྱུད་བཤད་སྒྲུབ་ཆོས་གླིང་གི་ལས་ཁང་ནས་རིག་འཛིན་དཔར་དགྱེས་པ་རྡོ་རྗེས་སྨྲ་པ་དོན་དང་ལྡན་པར་གྱུར་ཅིག
། ཤྲྰི་སརྦ་བི་ཛ་ཡནྟུ། །
Subscribe to:
Post Comments (Atom)
0 comments:
Post a Comment