དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 14 March 2013

སྐྱིད་ལུང་དྲན་གླུ།



ཀ་དག་ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་།

ཁ་བའི་ལྗོངས་བྱོན་ཡེ་ཤེས་རྡོ་རྗེ་ཡིས།

ག་བུར་འཛིན་འདྲའི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི།

ང་ཡི་བསྙེན་གནས་སྐྱིད་ལུང་དགོན་དེ་དྲན།


ཅ་རེར་སྤྱོད་བཟང་བག་ཡོད་ལ་གནས་ཤིང་།

ཆ་རྒྱུས་ཡོད་མེད་གང་ཡང་བྱམས་བརྩེས་སྐྱོང་།

ཇ་ཆང་ཟས་སོགས་ཀུན་ལ་གཏོད་ཕོད་ལྡན།

ཉ་ཆུ་ལྟར་མཐུན་སྐྱིད་ལུང་ལྷ་སྡེ་དྲན།


ཏ་ཐཱ་ག་ཏའི་ཟབ་གསང་སྙིང་པོའི་གནད།

ཐ་མལ་ཤེས་པའི་རང་ངོ་ངོ་ཤེས་ཀྱང་།

ད་དུང་ཕྱོགས་མེད་ཐོས་མང་འཚོལ་བ་ཡི།

ན་སོ་རྒན་གཞོན་སྐྱིད་ལུང་གྲྭ་ཚོགས་དྲན།


པ་ཏྲའི་རིས་ལྟར་འཁྱོག་པའི་གཡོ་སྒྱུ་བྲལ།

ཕ་ཁུ་རྒན་རབས་ཀུན་ལ་གུས་བཀུར་ལྡན།

བ་སོའི་མདངས་ལྟར་དཀར་བའི་སྤྱོད་གཙང་ཅན།

མ་སྨད་སྐྱིད་ལུང་མོ་སྨན་ཚོགས་རྣམས་དྲན།


ཙ་རི་ཏྲ་ལྟར་བྱིན་རླབས་ན་བུན་འཐུལ།

ཚ་གྲང་སྙོམ་ཤིང་ཡུལ་གྱི་ཆགས་ཚུལ་མཛེས།

ཛ་ཡའི་བསྟན་སྲུང་གཉུག་མར་གནས་པའི་རྟགས།

ཝ་ལེར་གསལ་བའི་སྐྱིད་ལུང་གནས་རྣམས་དྲན།


ཞྭ་མོའི་ཏོག་ལྟར་དགྲ་འོག་མི་འགྲོ་ཞིང་།

ཟྭ་རྒོད་ལྟ་བུའི་གདུག་སེམས་མི་ལྡན་པ།

འ་འུར་སྟོང་གཏན་ཀུ་ཅོ་མི་སྒྲོགས་པའི།

ཡ་མེད་སྐྱིད་ལུང་སྟག་ཤར་ཚོགས་རྣམས་དྲན།


ར་ལུག་རྟ་ནོར་ལ་སོགས་ཕྱུགས་རིགས་ཀྱིས།

ལ་ལུང་རི་ཀླུང་མ་ལུས་ཡོངས་གང་ཞིང་།

ཤ་མར་ལ་སོགས་ཟས་རིགས་ཀུན་འཛོམས་པའི།

ས་བཟང་སྐྱིད་ལུང་ཡུལ་དེ་རྟག་ཏུ་དྲན།


ཧ་ཅང་རྨད་བྱུང་སྐྱིད་ལུང་དགེ་མཚན་འོད།

ཨ་སྔོན་ཉི་ཟླའི་ཟེར་དང་ལྷན་ཅིག་ཏུ།

བསིལ་ལྡན་ཀུན་གསལ་བུ་མོའི་མཛེས་རྒྱན་ལ།

ནམ་ཡང་ནུབ་མེད་འབར་བར་སྙིང་ནས་སྨོན།


སྐྱིད་ལུང་དགོན་ནི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་རབ་བྱུང་བཅུ་བཞི་པའི་དཀྱིལ་ཙམ་ལ་ཕྱག་འདེབས་གནང་བའི་སྔ་འགྱུར་རྙིང་མའི་དགོན་པ་གསང་སྔགས་ཆོས་སྡེ་གླིང་བྱ་བ་སྟེ། དགོན་སྡེ་འདི་དཀར་མཛེས་ཁུལ་རོང་བྲག་རྫོང་གི་མངའ་ཁོངས་སུ་གནས།

0 comments:

ཟིན་བྲིས་འཚོལ་ཡུལ