དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 24 April 2013
རྔ་བ་རྒྱལ་ཁམས་པའི་བུ་ཆུང་བདེ་ཐབས་སུ་སྨོན་པ་འཆི་མེད་པདྨའི་བདེན་ཚིག
།
ན་མོ་གུ་པདྨ་ཀ་ར་ཡེ། །
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་ སྤྲུལ་པའི་སྐུ། །
དྲང་སྲོང་རིག་འཛིན་འཆི་མེད་གྲུ བ་པའི་མགོན། །
འཇའ་ལུས་ཆོས་སྐུར་གཤེགས་པའི་བླ་ མ་རྗེ། །
མཚོ་སྐྱེས་རྡོ་རྗེས་འཆི་མེད་ཚེ་ དབང་སྩོལ། །
འགྲོ་ཁམས་སེམས་རྒྱུད་ཡིད་བཞིན་ ནོར་བུ་ལ། །
གློ་བུར་ལས་ཉོན་བག་ཆགས་སྒྲིབ་ པའི་མཐུས། །
ནད་གདོན་བགེགས་རིགས་རྣམ་རྟོག་སྣ ་ཚོགས་ཀྱིས། །
སྡུག་བསྔལ་གསུམ་གྱི་འཁོར་བའི་རྒ ྱ་མཚོར་གཡེང་། །
ཉིན་མོར་རྟག་འཛིན་ཆགས་སྡང་རྨོ ངས་པས་མནར། །
མཚན་མོར་མཚན་འཛིན་བག་ཆགས་འཁྲུལ་ བས་བསླུས། །
ནམ་རྒྱུན་བག་མེད་འདོད་ཁམས་ཞེན་ པས་མཐུས། །
ལུས་ངག་ཡིད་ཀྱི་གནར་གཅོད་བསམ་མི ་ཁྱབ། །
མཆོག་ལ་སྣང་བའི་རྨི་ལམ་དངོས་སྣ ང་དང་། །
བདག་ལ་འཆར་བའི་ཟག་བཅས་ཚོར་སྣང་ གཉིས། །
མ་གྲོས་གཅིག་མཐུན་བྱུང་བའི་རྨི་ ལམ་འདིས། །
སྲས་ཆུང་ནད་གདོན་བསལ་བའི་ཐབས་ཤེ ས་ལགས། །
ཉེར་གཅིག་ལུས་སྦྱང་གནང་དང་ནད་ ངན་བསལ། །
རྡོ་རྗེའི་གོ་ཁྲབ་བཟླས་དང་གདོན་ བགེགས་དག །
བསྐྱེད་རྫོགས་རྫོགས་ཆེན་སྒོམ་ དང་སྨིན་གྲོལ་ཐོབ།
།
སྡུག་བསྔལ་རྣམ་དག་ཀུན་བཟང་རྒྱལ་ ས་ཐོབ། །
བཀྲ་ཤིས་ཉི་མ་འཆར་བའི་སྨོན་ལམ་ འདེབས། །
སྡུག་བསྔལ་ནད་ལས་གྲོལ་བའི་བྱིན་ རླབས་ཡོད། །
གང་བསམ་ཕྲིན་ལས་འབྱུང་བའི་རྟེན་ འབྲེལ་ཞུ། །
མི་མཐུན་གཡུལ་ལས་རྒྱལ་བའི་བདེ་ ལེགས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ ཟླ་བ་གསུམ་པའི་ཚེས་པ་གསུམ་ཞེས་ དབྱིན་རྒྱལ་གོ་རྗེའི་དུས་ཆེན་ སམ། ཕྱི་ལོ་༢༠༡༣ ༤
༢༣ཉིན་རྔ་བ་རྒྱལ་ཁམས་པའི་སྲས་ཀྱ ི་ན་ཚའི་ལོ་རྒྱུས་མཐོང་བའི་རྐྱེ ན་ལས་གྲོགས་ལ་སྙིང་ཉེ་བའི་ཤྲྰི ས་ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་ནས་ སྨོན་ལམ་དང་གདམས་ངག་གླུ་རུ་བླ ངས་པ་དོན་དང་ལྡན་པར་གྱུར་ཅིག་གུ ། །།
Subscribe to:
Post Comments (Atom)
0 comments:
Post a Comment