དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 17 June 2013
༄༅། །དྲ་གྲོགས་ལ་ཕུལ་བ་ཤྲྰི་ལངྐ་རིན་པོ་ཆེ། །
ན་མོ་ཤྲྰིཿམ་ཎི་རཏྣ་ཡེ། །
ཀ་ཡེ་གསོན་དང་བན་དེའི་མིང་། །
ཁ་ནས་བྱང་རྒྱལ་སྨྲ་ལ་དགའ། །
ག་ས་གང་དུ་དཔལ་མཇེ་ཞེས། །
ང་ལ་སྨད་པར་ཡི་རང་ཡོད། །
ཅ་དག་མེད་པའི་གདོན་གཟུགས་ཁྱོད། །
ཆ་མེད་མི་ལ་འཁོན་འཛིན་གྱིས། །
ཇ་ལུད་བཞིན་དུ་ཁོག་རུལ་བ། །
ཉ་ཁ་བྷ་ག་མ་ཡིན་ནམ། །
ཏ་ཐཱ་ག་ཏའི་བསྟན་འཛིན་ལ། །
ཐ་དག་གཞི་མེད་སྒྲོ་བཀུར་མཁན། །
ད་དུང་བོན་པོ་ཡིན་འདོགས་ནས། །
ན་རཀ་གཏིང་རྡོ་ཁྱོད་ཡིན་ནམ། །
པ་ལགས་བོན་གཤིན་ཡིན་ནོ་ཟེར། །
ཕ་མེས་རིགས་གཞུང་བརྐུས་སོ་ཟེར། །
བ་གླང་ལྟ་བུ་བླུན་གཏམ་མཁན། །
མ་རབས་ལས་ངན་ཁྱོད་ཡིན་ནམ། །
ཙ་ར་མ་ཆོད་རྣམ་དཔྱོད་ཅན། །
ཚ་གྲང་བྲལ་བའི་ཤི་བོའི་གཟུགས། །
ཛ་ཡའི་བསྟན་སྨད་ངོ་མེད་མ། །
ཝ་མོ་ངུ་ཟུག་ཁྱོད་མིན་སུ། །
ཞ་ལོང་ལྐུག་པ་ལས་ཐུ་བའི། །
ཟ་འདོད་ཆོས་མིན་ཐོ་ཅོ་སྤྱོད། །
འ་ཅག་བསྟན་པར་རྨ་འབྱིན་པའི། །
ཡ་མེད་དམུ་རྒོད་ཁྱོད་ཡིན་ནམ། །
ར་ལུག་བསད་པའི་ཤན་པ་དང་། །
ལ་རྒྱ་མེད་པར་ནང་དཀྲུགས་བརྗོད། །
ཤ་ཚ་མེད་པའི་གཡོ་སྒྱུ་མཁན། །
ས་འབུ་མགོ་ནག་ཁྱོད་ཡིན་ནམ། །
ཧ་ཅང་ཐལ་བའི་ཧམ་པ་ཅན། །
ཨ་མཚར་མེད་པའི་ཞེ་ནག་མཁན། །
བན་སྨོད་བོན་སྟོད་འཁུ་བཟློག་མ། །
མ་ཏྲི་མུ་ཁ་མ་ཡིན་ནམ། །
པདྨས་བསྟོད་རུང་དགའ་རྒྱུ་མེད། །
དྲ་འབིའི་སྨད་རུང་སྡུག་རྒྱུ་མེད། །
བཟང་ངན་བྲལ་བའི་རྣལ་འབྱོར་པ། །
དཔལ་དགྱེས་རྡོ་རྗེ་ཨེ་མ་ཧོ། །
མདོར་ན་གངས་ཅན་བསྟན་པ་འདི། །
མཁན་སློབ་ཆོས་རྒྱལ་དྲིན་ལས་བྱུང་། །
དེ་མིན་རྫུན་པར་བཤད་ཕོད་པ། །
གདོན་གཟུགས་དངོས་སུ་མ་ཡིན་ནམ། །
འབྲི་གུང་མཁན་ཆེན་ཏི་སི་དང་། །
བོན་པོའི་དགེ་བཤེས་བན་དེ་བ། །
བདག་ལ་སྡང་བའི་དྲ་འབི་རྣམས། །
འཁོར་བ་མཐའ་ཅན་འབྱུང་བར་ཤོག །
གཡུང་དྲུང་བོན་ནི་དམ་པའི་དཔལ། །
བདེ་གཤེགས་སྙིང་པོ་སངས་རྒྱས་སྐུ། །
འཕོ་འགྱུར་བྲལ་བའི་ཤྲྰིཿལངྒ། །
རིས་མེད་བསྟན་པའི་རྒྱན་དུ་གསལ། །
ཞེས་པ་འདི་ཡང་ནམ་རྒྱུན་བདག་གི་འཆར་རྩོམ་རེ་ཁ་བརྡ་དྲ་བ་བསྐུར་བ་དང་ལྷན་ཅིག་གཞི་མེད་སྒྲོ་བཀུར་གྱི་མཆན་ངན་ཆར་བཞིན་འབེབ་པའི་དྲ་གྲོགས་ངོ་གདོང་མེད་པ་ཚོ་ལ་ཤྲྰི་མ་ཧྰ་ལངྒས་གང་ཤར་དུ་ཕུལ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ