དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 12 June 2013
࿐འདྲ་མཉམ་བདུན་གྱི་བཀའ་སློབ་བདུ ད་རྩི་མ།
ཕྱི་ལོ་༢༠༡༣ ༦ ༡༡ལ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆ ོག་ཁམས་རྟའུ་ཉིན་མཚོ་དགོན་ལ་བྱོ ན་ནས་འཇང་དགུན་ཆོས་ཐོག་ལ་ཕེབས་པ འི་ས་དགེ་བཀའ་རྙི...ང་ཇོ་བོན་བཅས་གྲུབ་མཐའ་ཆེན་པོ་ད ྲུག་གི་བླ་གྲྭ་མཁན་སྤྲུལ་༣༠༠ལྷག ་ཙམ་དང་ཁྱིམ་པ་གྲངས་མང་ཞིག་ལ་དུ ས་ཚོད་༢པའི་ཐོག་ཏུ་གནང་བའི་བཀའ་ སློབ།
འོ་ལགས་སོ།། ཐུགས་རྗེ་ཆེ། དེ་རིང་འདི་ན་དགེ་ལུགས་པ་གཙོ་བོ ་བྱས་ཏེ་ས་དགེ་བཀའ་རྙིང་ཇོ་བོན་ དང་བཅས་པའི་དགོན་པ་༧༤ ཙམ་འཛོམས་ཡོད་ས་རེད། འདི་ལྟ་བུའི་གྲུབ་མཐའ་ཐམས་ཅད་ཀྱ ི་དགེ་འདུན་པ་རྣམས་ལྷན་དུ་འཛོམས ་ཏེ་ཕན་ཚུན་འབྲེལ་འདྲིས་མཛད་པ་ཧ ་ཅང་ཡག་པོ་རེད། ངས་ཀྱང་དེ་རིང་དུས་རབས་༢༡པའི་ཆོ ས་པའི་ཁ་ཕྱོགས་ངེས་དགོས་རྒྱུ་དེ འི་སྐོར་ནས་ཅུང་ཟད་བཤད་རྒྱུ་ཡིན ། དེ་གང་རེད་ཅེ་ན་དེང་སང་དུས་རབས་ ཀྱང་དུས་རབས་ཉེར་གཅིག་པ་ཡིན་པ་བ ཞིན་དུ་ང་ཚོ་རབ་ཏུ་བྱུང་བ་རྣམས་ ཀྱིས་ཀྱང་དུས་རབས་྄ཉེར་གཅིག་པའི ་རྗེས་སུ་ཆོད་དགོས། དེས་ན་དུས་ཚོད་ཆེན་པོ་མི་འདུག་བ ས་ཁོ་བོས་ས་བཅད་ཙམ་དུ་བཞག་སྟེ་བ ཤད་པ་ཡིན་ན།
༡༽ ༼ལྟ་སྤྱོད་འདྲ་མཉམ་༽དགོས་པ་རེད། ང་ཚོ་ནང་པ་སངས་རྒྱས་པའི་ལྟ་བ་དེ ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི ་རེད། ལྟ་བའི་ཐོག་ནས་སྔོན་ཐོན་རེད་ཟེར ་ན་ཆོག་གི ལྟ་བ་དེ་ལ་ནོར་འཁྲུལ་མེད་པ་ང་རང ་ལ་ཡིད་ཆེས་ཡོད། ཡིན་ན་ཡང་བྱ་སྤྱོད་ཀྱི་ཐོག་ནས་ཅ ུང་ཟད་འགྲོ་སྟངས་ཡག་པོ་མ་ཆགས་པ་ འདི་དག་བསྒྱུར་བཅོས་གཏུགས་ཏེ་བྱ ་བ་སྤྱོད་པ་འདི་དག་གི་རྒྱུན་ཤེས ་ལྡན་པ་ཞིག་ཆགས་དགོས་པ་རེད།
༢༽ ༼གྲུབ་མཐའ་འདྲ་མཉམ་༽ཡོད་དགོས་པ་ རེད། གྲུབ་མཐའ་འདྲ་མཉམ་ཡོད་ན་སྔོན་གྱ ི་ལོ་རྒྱུས་ལྟ་བུ་ཉམས་རྒུད་དེ་འ དྲ་བ་ཞིག་བྱུང་བ་མ་རེད། གྲུབ་མཐའ་ལ་ཆགས་སྡང་མེད་པ་ཙམ་མ་ ཡིན་པར་གྲུབ་མཐའ་རྣམས་ངའི་ཕྱོགས ་དང་ཁྱེད་ཀྱི་ཕྱོགས་ཞེས་ཉེ་རིང་ མེད་པ་ཞིག་ཡོད་དགོས་པ་རེད། དེའང་གྲུབ་མཐའི་གསུང་རབ་རྣམས་ཕན ་ཚུན་ཚང་མས་སྦྱོང་བརྩོན་བྱེད་པ་ ལས་བྱུང་ཡོང་བ་རེད། ང་རང་ཡིན་ན་་རྒྱ་བོད་ཀྱི་ས་ཆ་རྣ མས་སུ་ཆོས་ཀྱི་གོ་བ་སྤྲད་དུས་ཐེ ངས་རེར་དགེ་ལུགས་ཀྱི་ཡིག་ཆ་ལམ་ག ཙོ་རྣམ་གསུམ་སོགས་གྲུབ་མཐའ་ཕྱོག ས་སུ་མ་ཕྱེ་བར་ས་དགེ་བཀའ་རྙིང་ག ི་ཡིག་ཆའི་ཐོག་ནས་ཆོས་འབྲེལ་བཤད ་ཀྱི་ཡོད། གཞན་གྱི་མདུན་ནས་ཡིག་ཆའི་ལུང་ཡང ་མང་པོ་ཞུ་གི་ཡོད།
༣༽ ༼ཕོ་མོ་འདྲ་མཉམ་༽གྱི་ཕྱོགས་ནས་བ ཤད་ན་ང་ཚོ་བོད་ལ་རྒྱལ་ཁབ་གཞན་དག ་གིས་ཕོ་མོ་གཉིས་ལ་ཁྱད་པར་ཕྱེས་ ཏེ་རྡུང་སྡིག་དང་བཙན་གནོན་བྱས་པ ་བཞིན་ཡོད་མ་རེད། ཡིན་ཡང་ཕོ་མོ་རྣམས་རིག་གནས་སྦྱོ ང་ས་ལ་ཁྱད་པར་མེད་པ་ཡོད་དགོས་པ་ དང་། ལྷག་པར་སྐབས་འདིའི་བཤད་བྱ་ཇོ་མོ ་དང་གྲྭ་པ་རྣམས་ལ་ཁྱད་མ་ཕྱེ་བར་ གྲྭ་པ་རྣམས་པ་སློབ་སྦྱོང་བྱེད་ས འི་ཆ་ཚད་ཅི་ཙམ་ཡོད་ན་ཇོ་མོ་དེ་ད ག་ལ་དེ་ལྟར་ཁོར་ཡུག་གཅིག་བསྐྲུན ་དགོས་རེད། དེ་ལྟར་མ་བྱེད་ན་དེང་སང་དགོན་སྡ ེ་རེ་རེ་ལ་ཇོ་མོ་མང་པོ་ཡོད་པ་དེ ་དག་ལ་རིག་གནས་གང་ཡང་མེད་ན་བོད་ ཀྱི་མི་མང་པོ་ཞིག་ལ་རིག་གནས་མེད ་པ་ཞིག་ཏུ་ཆགས་འགྲོ་བ་རེད།
༤༽ ༼ཉམས་ལེན་དང་ཐོས་བསམ་འདྲ་མཉམ་༽ད གོས་པ་རེད།
༼རྩོད་དམིགས་ཀྱི་སློབ་གསོ་༽ལྟ་བ ུའི་ང་ཚོ་རབ་ཏུ་བྱུང་བ་ཞིག་ཡིན་ ན་རྩོད་གཅིག་པུ་ལས་གཞན་མང་ཚོགས་ ཀྱི་བདེ་སྡུག་དང་ཆོས་ཉམས་ལེན་དང ་འདོད་ཆུང་ཆོག་ཤེས་དེང་གི་རིག་ག ནས་དག་ལ་སློབ་སྦྱོང་བྱེད་རྒྱུ་ཆ ེས་ཤིན་ཏུ་གལ་ཆེ་བ་རེད། དུས་རབས་འདིའི་རྗེས་ཆོད་དགོས་ན་ རྩོད་པ་རྐྱང་པ་ཡིས་གཏན་ནས་རྗེས་ ཆོད་པ་མ་རེད། རྩོད་པ་འདི་གལ་ཆེན་པོ་རེད། ཨེ་དགོས་ཟེར་ན་དགོས་ཀྱང་འདི་ཁོ་ ན་ལ་མགོ་འཁོར་བ་ཡིན་ན་རང་གཞན་གྱ ི་བྱ་བ་རྒྱ་ཆེན་པོ་འགྲུབ་ཀྱི་མ་ རེད། དེས་ན་ང་ཚོ་རབ་བྱུང་པ་རྣམས་ཀྱིས ་ཉམས་ལེན་དང་ཐོས་བསམ་འདྲ་མཉམ་བྱ ེད་དགོས་པ་རེད།
༥༽ ༼ཚེ་སྲོག་ལ་འདྲ་མཉམ་༽དགོས་པ་རེད ། འགའ་རེས་མི་ཡི་ཚེ་སྲོག་སྐྱོབ་པ་ ལས་གཞན་གྱི་ཚེ་སྲོག་སྐྱོབ་དགོས་ པ་མ་རེད་ཟེར་བ་རེད། དེ་འདྲའི་ལྟ་བ་དེ་ནང་པ་སངས་རྒྱས ་པའི་ལྟ་བ་སེམས་ཅན་རྣམས་ཉེ་རིང་ ཆགས་སྡང་མེད་པའི་བྱམས་དང་སྙིང་ར ྗེའི་ལྟ་བ་འགལ་བ་རེད། དེས་ན་ཚེ་སྲོག་ལ་འདྲ་མཉམ་དགོས་པ ་རེད།
༦༽ ༼རིག་གནས་སྦྱོང་བ་འདྲ་མཉམ་༽དགོས ་པ་རེད། ང་ཚོ་རབ་བྱུང་པས་གཞུང་བཀའ་པོད་ལ ྔ་སྦྱོང་དགོས་པ་སྨོས་མེད་རེད། དེའི་སྟེང་དུ་སྤྱི་ཚོགས་ཀྱི་གནས ་བབས་དང་ཚན་རིག་འདི་དག་སྦྱོང་དག ོས་པ་རེད། རང་བྱུང་འཁོར་ཡུག་གི་ཚན་རིག་སོག ས་ཉེ་བར་མཁོ་བའི་ཚན་རིག་འདི་དག་ སྦྱོང་དགོས་པ་རེད།
༧༽ ༼སློབ་གསོ་འདྲ་མཉམ་༽དགོས་པ་རེད། མང་ཚོགས་དང་རབ་བྱུང་གཉིས་ཀ་ལ་སླ ོབ་གསོ་བཏང་ནས་ཡང་དག་པའི་ལམ་དུ་ འཇོག་དགོས་པ་རེད། དེང་སང་མིག་གིས་མཐོང་ས་ནས་ཕན་པ་ ཞིག་མ་སྒྲུབ་ན་ངས་ཁྱེད་ཅག་ལ་བསྔ ོ་བ་འདོན་གྱི་ཡོད། སྨོན་ལམ་རྒྱག་གི་ཡོད་ཅེས་བཤད་པ་ ཙམ་གྱིས་མང་ཚོགས་ལ་ཡིད་ཆེས་སྐྱེ ་ཐུབ་ཀྱི་མ་རེད། དེས་ན་མིག་མཐོང་ལག་ཟིན་གྱི་མང་ཚ ོགས་ལ་ཕན་པ་སྒྲུབ་དགོས་པ་རེད།ཅེ ས་གསུངས་སོ།།
སློབ་མ་སྨྱུག་གིས་ཟིན་བྲིས་ཕབ།
ཕབ་ནོར་སོང་ན་དགོངས་དག་ཞུ།
བརྒྱུད་སྐུར་བྱེད་པར་ཐུགས་རྗེ་ཆ ེ།
ཐད་ཀར་འགོད་པས་ཡིག་ནོར་སྲིད།
ཕྱི་ལོ་༢༠༡༣ ༦ ༡༡ལ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆ
འོ་ལགས་སོ།། ཐུགས་རྗེ་ཆེ། དེ་རིང་འདི་ན་དགེ་ལུགས་པ་གཙོ་བོ
༡༽ ༼ལྟ་སྤྱོད་འདྲ་མཉམ་༽དགོས་པ་རེད།
༢༽ ༼གྲུབ་མཐའ་འདྲ་མཉམ་༽ཡོད་དགོས་པ་
༣༽ ༼ཕོ་མོ་འདྲ་མཉམ་༽གྱི་ཕྱོགས་ནས་བ
༤༽ ༼ཉམས་ལེན་དང་ཐོས་བསམ་འདྲ་མཉམ་༽ད
༼རྩོད་དམིགས་ཀྱི་སློབ་གསོ་༽ལྟ་བ
༥༽ ༼ཚེ་སྲོག་ལ་འདྲ་མཉམ་༽དགོས་པ་རེད
༦༽ ༼རིག་གནས་སྦྱོང་བ་འདྲ་མཉམ་༽དགོས
༧༽ ༼སློབ་གསོ་འདྲ་མཉམ་༽དགོས་པ་རེད།
སློབ་མ་སྨྱུག་གིས་ཟིན་བྲིས་ཕབ།
ཕབ་ནོར་སོང་ན་དགོངས་དག་ཞུ།
བརྒྱུད་སྐུར་བྱེད་པར་ཐུགས་རྗེ་ཆ
ཐད་ཀར་འགོད་པས་ཡིག་ནོར་སྲིད།
Subscribe to:
Post Comments (Atom)
0 comments:
Post a Comment