དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 21 March 2014

༄༅།།གདོན་འདྲེ་དམ་སྲིའི་རྗེས་འཇུག་ལ་ཕུལ་བའི་ཀླ་ཀློ་འགུགས་འདུལ་གྱི་རྭ་ཅོ་ཞེས་བྱ་བ།།

ན་མོ་གུ་རུ་མ་ཏི་བྷ་དྲ་ཀིརྟི་ཡེ།།


ཨ་ཁ་དབྱངས་གསལ་གྱི་བརྡ་གླུ་ཤི་འདྲེའི་གླིང་བུ།།

ཧ་བོ་མི་འགུགས་ནི་དབང་མེད་དོལ་ཚོགས་འབོད་སྒྲས།།

ས་དགེ་བཀའ་རྙིང་གི་དམ་སྲིའི་ཆགས་སྡང་རྨོངས་པར།།

ཤ་འཁོན་ངན་པ་ཡི་རྫུན་གཏམ་དམར་བརྗེན་སྟོན་ཆོག།

ལ་རྒྱའི་བདག་པོ་ནི་ཞི་བདེའི་དེད་དཔོན་མཆོག་ནས།།

ར་སྤྲོད་དྲང་བདེན་གྱི་ལུང་རིགས་འབུམ་ཕྲག་བརྡར་ཀྱང་།།

ཡ་ང་བག་ཚ་ནི་མེད་པའི་གདོལ་སྤྱོད་དོལ་ཚོགས།།

འ་ཅག་གངས་ཅན་པའི་བསྟན་བཤིག་ཏེ་བོ་ལགས་སོ།།

ཟ་ཧོར་མཁན་ཆེན་ནས་བརྒྱུད་པའི་འདུལ་བསྟན་རྣམ་དག།

ཞྭ་སེར་དགེ་ལྡན་པའི་བཀའ་གདམས་བརྒྱུད་པ་གཙང་མར།།

ཝ་བརྒྱལ་ངུ་སྐད་བཞིན་ལྟ་ལོག་འབོད་སྒྲ་མིན་པས།།

ཛ་ཡའི་བསྟན་འཛིན་ཀུན་ཐུགས་དང་རྒྱབ་འགལ་ལགས་སོ།།

ཚ་གདུང་རབ་མནར་གྱི་གསེར་ཉ་བྱེ་ཚན་གཡུགས་བཞིན།།

ཙ་ར་མ་ཆོད་པའི་དོལ་ཚོགས་སྐད་འབོད་མཐོང་ཚེ།།

མ་རབས་སྣ་དགུ་ཡི་ལྟས་ངན་ཕྱི་ལ་ངོམས་འདུག།

བ་གླང་དམར་མཆོད་ཚོས་སྡུག་གསོད་བྱེད་འདྲར་ལགས་སོ།།

ཕ་ཁ་མཛེ་སྨད་ཀྱི་ལོག་ཆོས་རྗེས་འདྲོངས་དག་གིས།།

པ་ལགས་ཤི་འདྲེ་ཡི་སྐྱབས་འགྲོ་དགེ་ལུགས་སྨྲ་བར།།

ན་རཀ་སྡུག་ཀུན་གྱི་འབྱུང་གནས་མངོན་སུམ་སྣང་བས།།

ད་འདས་མ་འོང་གི་གནོད་སྦྱིན་ལག་དམར་ལགས་སོ།།

ཐ་དད་དགེ་བཤེས་ཀྱི་སྐུ་སྲོག་གྲངས་མེད་འཕྲོགས་ནས།།

ཏ་ཐྰ་ག་ཏ་ཡི་བསྟན་པ་ཡིན་ཁུལ་རློམས་ཀྱང།།

ཉ་ཉོག་བསམ་མེད་བཞིན་མགོ་འཁོར་ངོ་མ་ལགས་སོ།།

ཇ་འཐུང་ཟ་དགའ་ཡིས་རྒྱལ་བསྟན་ཆོམ་རྐུན་བྱས་ཐལ།།

ཆ་ལུགས་འཇིགས་བསྐུལ་གྱི་བསྟན་པར་འཚེ་བས་བྲེལ་ཞིང་།།

ཅ་ཅོའི་སྐད་འབོད་ཀྱི་སྐྱག་རྫུན་གཞི་མེད་ལགས་སོ།།

ང་རྒྱལ་གདོན་འདྲེ་ལ་སྐྱབས་འགྲོས་སྒྲོ་བཀུར་འདེབས་ནས།།

ག་ས་གང་དག་ལ་བསྟན་རྫུན་སྤེལ་བ་འདི་བསམས་ཚེ།།

ཁ་བའི་ལས་དབང་གི་བསོད་ནམས་ཟད་པ་མིན་ན།།

ཀ་དག་བསྟན་འཛིན་ཚོས་ཐུགས་ཁུར་དུས་ལ་བབས་སོ།།

ཨི་ལྡན་དབྱངས་གསལ་གྱི་ཀླ་ཀློ་འགུགས་འདུལ་རིག་སྔགས།།

ཨུ་ཚུགས་མི་དགོས་པར་དྲང་བདེན་ཐོལ་བྱུང་སྨྲས་པས།།

ཨེ་ཝྃ་རྒྱལ་བསྟན་གྱི་ལུང་རྟོགས་བཤད་སྒྲུབ་སྣང་བར།།
ཨོ་ཟོབ་ལོག་སྤྱོད་ཚོར་བརྡ་རྟགས་བསྟན་པར་ལགས་སོ།།

སྨོན་ལམ་ལོག་པ་ཡི་ངོ་བོ་རྒྱུས་འབྲས་དཔྱོད་དང་།།

མདོ་སྔགས་རིག་གཞུང་གི་གནད་འགགས་སྙིང་པོ་ཤེས་ནས།།

དམ་སྲི་རྒྱལ་འགོང་ལ་སྐྱབས་འགྲོར་བྱེད་མཚམས་བཞགས་ཏེ།།

གངས་ལྗོངས་ནང་བསྟན་ལ་འཛིན་སྐྱོང་སྤེལ་གསུམ་མཁྱེན་ནོ།།

ཞེས་པ་རབ་རྒྱན་ཤིང་རྟའི་ལོ་སར་སྐབས་སུ་༧གོང་ས་རྒྱལ་བའི་དབང་པོ་ལ་ཨ་རི་ནས་བོད་རིགས་ཡིན་པའི་དོལ་ཚོགས་ཀྱིས་ངོ་ཚ་མེད་པའི་སྐད་འབོད་དང་ཉེས་མེད་འཇིགས་བསྐུལ་གྱི་ལས་འགུལ་ངན་སྤྱོད་རིགས་སྣ་ཚོགས་སྤེལ་བའི་བརྙན་འཕྲིན་མཐོང་བའི་མོད་ལ་གང་དྲན་དུ་ཤྲྰིཿཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཀུན་བཟང་ཆོས་གླིང་ནས་བྲིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ