དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 6 March 2014

བོད་ཡོངས་ལ་གདམས་ངག་སོར་མོ་དོ་ཞེས་བྱ་བ།

ན་མོ་གུ་རུ་བིརྱ་དྷ་ར་ཡེ།།

ཀ་ཡེ་གསོན་དང་གངས་ཅན་བོད་པ་རྣམས།།
ཁ་བའི་ལས་དབང་ཡག་དགའ་ཉེས་སྡུག་ལ།།
ག་ལེར་བསམ་ཚེ་བཟོད་དཀའི་ཚོར་སྣང་བཅས།།
ང་ཡིས་གྲོས་འདེབས་སྙིང་གཏམ་འདི་སྐད་ཐལ།།
ཅ་དག་དངོས་པོ་བཟང་ངན་བར་གསུམ་དང་།།
ཆ་ལུགས་ཡུལ་སྲོལ་གོམས་གཤིས་གནའ་དེང་སྐོར།།
ཇ་ཡུན་ཙམ་གྱིས་མེ་བསྲེག་མི་གཏོང་བར།།
ཉ་ར་གནང་ནས་འཛིན་སྐྱོང་སྤེལ་ན་བཟང་།།
ཏ་ཟིག་ཡུལ་སྲོལ་ལྷ་ཀླུ་གཉན་གསོལ་དང་།།
ཐ་དག་ཀུན་མཁྱེན་ནང་བསྟན་རིག་གཞུང་སྲོལ།།
ད་གདོད་རྙེད་པར་དཀའ་བའི་གཏེར་རྫས་དང་།།
ན་བཟའ་ལྤགས་རིགས་རྣམས་ཀྱང་དེ་བཞིན་སྲུངས།།
པ་ལགས་ལྷ་འདྲེ་གང་ལ་སྐྱབས་འགྲོ་ཡང་།།
ཕ་མེས་བཀའ་དྲིན་བརྟག་ཞིང་རིགས་པས་དཔྱད།།
བ་གླང་དམར་མཆོད་ལྟ་བུ་སྲོལ་ངན་རྣམས།།
མ་རབས་གནོད་པའི་ཚོགས་ཀུན་དོར་ན་ལེགས།།
ཙྭ་རི་གནས་མཆོག་ཁོར་ཡུག་སྲུང་སྐྱོབ་དང་།།
ཚ་གྲང་ལེགས་སེལ་སྨན་རྫས་དཀོན་ཚོད་རིགས།།
ཛམ་གླིང་ཕན་བདེའི་ཁྱད་ནོར་རིན་ཆེན་རྣམས།།
ཝ་ཏི་བཟང་པོའི་ཕྱོགས་ལ་གཅེས་སྐྱོང་མཛོད།།
ཞྭ་དཀར་ཞྭ་ནག་རྩོད་པའི་དུས་མ་ཡིན།།
ཟ་འོག་མི་ནོར་བསྲེག་པར་གནས་མ་ཡིན།།
འ་ཅག་ཕན་བདེའི་གངས་ལྗོངས་མདུན་ལམ་ལ།།
ཡ་རབས་དམ་པའི་ཆོས་དང་མཐུན་པར་གཅེས།།
ར་ལུག་གཡག་རྟའི་འཚོ་གནས་འབྲོག་སྡེ་དང་།།
ལ་ལུང་འབྲུ་དྲུག་བཏབས་མཁས་ཞིང་པའི་རིགས།།
ཤ་ཁྲག་གངས་ཅན་བོད་ནས་མཆེད་ཚད་ཀུན།།
ས་སྟེང་བོད་ལུས་བླངས་པར་དོན་ལྡན་མཁྱེན།།
ཨ་རོགས་ཉིན་མཚན་རྨི་ལམ་གང་གནས་ཀྱང་།།
ཧ་ཅང་ཡག་དགའ་ཉེས་སྡུག་ཡོད་པའི་ཕྱིར།།
ཨི་ལྡན་དབྱངས་གསལ་སྙིང་གཏམ་མ་རལ་བར།།
ཨུ་ཚུགས་དང་བཅས་བོད་ཡིག་བརྩོན་པར་མཛོད།།
ཨེ་མ་ངེད་ཅག་ལས་སྨོན་རྟེན་འབྲེལ་བཟང་།།
ཨོ་རྒྱན་རིག་འཛིན་བརྒྱུད་པའི་གྲལ་མཐར་སྐྱེས།།
སོར་བྱང་གསང་སྔགས་ཆོས་ལྡན་ཞིང་ཁམས་འདིར།།
ཁམས་དབང་མོས་པའི་མཁྱེན་རབ་རྒྱས་གྱུར་ཅིག།

ཅེས་པ་རབ་རྒྱན་རྒྱལ་ཟླའི་ཡར་ཚེས་རྒྱལ་བར་གཉིས་པར་བོད་ནང་དུ་འགའ་རེས་མི་ནོར་རྒྱུ་བཅས་བསྲེག་སའི་ངོ་དེབ་གཅིག་མཐོང་བའི་མོད་ཡུལ་གངས་ཅན་པ་རྣམས་ལ་ཤྲྰིཿ་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། ཤྲྰི་སརྦ་བི་ཛ་ཡནྟུ།།

0 comments:

ཟིན་བྲིས་འཚོལ་ཡུལ