དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 23 April 2012
རྨ་ཆེན་སྤོམ་རའི་གསོལ་མཆོད་ཕྲིན་ལས་ཐོགས་མེད། །

ཧྰུྃ་ཧྲྰིཿ
ཀ་དག་ཆོས་དབྱིངས་འོ་མའི་རྒྱ་མཚོ་ལས། །
ཁ་སྦྱོར་བདུན་ལྡན་ཁ་བའི་བསྟན་སྐྱོང་རྗེ། །
ག་བུར་མདངས་འཛིན་མི་བསྐྱོད་སྤྲུལ་པའི་སྐུ། །
ང་ཡི་ཆོས་སྲུང་ཨ་མྱེ་རྨ་ཆེན་མཆོད། །

ཅ་ཅོ་ཚིག་ཙམ་འབོད་པ་མ་ཡིན་པར། །
ཆ་རྐྱེན་ཀུན་འཛོམས་བྱེ་མར་འོ་ཕུད་དང་། །
ཇ་ཆང་སྣ་ཚོགས་དངོས་འབྱོར་ཡིད་སྤྲུལ་རིགས། །
ཉ་གང་ཟླ་བཞིན་མ་ཚང་མེད་པར་མཆོད། །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་ལ། །
ཐ་དག་ལོག་པར་བལྟ་བའི་དམ་སྲི་རིགས། །
ད་ལྟ་ཉིད་དུ་མ་བཞག་མྱུར་སྒྲོལ་ནས། །
ན་མ་བྱང་ཆུབ་ལམ་ལ་འགོད་པར་མཛོད། །
པ་ར་མི་ཏའི་ཕ་རོལ་ཕྱིན་བཅུ་དང་། །
ཕ་མའི་རྒྱུད་སྡེའི་དགོངས་དོན་མ་ནོར་བ། །
བཛྲ་ཐེག་པའི་རྩེ་རྒྱལ་རྫོགས་ཆེན་བསྟན། །
མ་ལུས་ཡོངས་སུ་སྐྱོང་བའི་གྲོགས་མཛོད་ཅིག །
ཙ་རི་སྦས་ཡུལ་འགྲིམ་པའི་རྣལ་འབྱོར་དང་། །
ཚ་གྲང་དཀའ་སྤྱད་མཛད་པའི་ཆོས་པ་ཀུན། །
ཛ་དྲག་མི་མཐུན་ཕྱོགས་ལ་གཡུལ་རྒྱལ་ནས། །
ཝ་ལེར་བསྟན་པའི་རྒྱལ་མཚན་བསྒྲེང་བར་མཛོད། །
ཞྭ་ནག་མ་ཉེས་ཁ་གཡོགས་ངན་སྦྱོར་དང་། །
ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་སྟོན་པའི། །
འ་ཅག་བསྟན་སྲིད་སྡང་བའི་དགྲ་བོ་ཀུན། །
ཡ་རབས་བདེན་པའི་གནས་སུ་སྒྲོལ་མཛོད་ཅིག །
ར་བ་གངས་དཀར་རྨ་ཆེན་ཞིང་ཁམས་ནས། །
ལ་རྒྱའི་བསྟན་པ་སྲུང་བའི་ཆོས་སྐྱོང་ཆེ། །
ཤ་ཁྲག་རྨ་རྒྱལ་རིགས་ལས་མཆེད་པའི་མཐུས། །
ས་སྐྱོང་བསྟན་སྐྱོང་ཆེན་པོ་མངའ་གསོལ་ལོ། །
ཧ་ཧ་བཞད་པའི་སྒྲ་དང་དགྱེས་མཛེས་བཅས། །
ཨ་ཧོ་བདུད་རྩིའི་ཚོགས་གཏོར་འདི་བཞེས་ལ། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གྲོགས་མཛད་པའི། །
བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །
འདོད་ཡོན་ཀུན་བཟང་དགྱེས་པའི་དཔལ་ཆེན་པོར། །
གང་འདོད་ལོངས་སྤྱོད་སྒྱུ་འཕྲུལ་རྟག་རོལ་ནས། །
པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་ཡི། །
བཀའ་གཏེར་གདམས་པའི་གཏེར་སྲུང་མ་གཡེལ་ཅིག །
བདག་ཅག་རྣམས་ལ་དུས་ཀུན་སྤྱན་གྱིས་གཟིགས། །
སྲུང་སྐྱོབ་སྡོང་གྲོགས་གཡེལ་བ་མེད་པ་དང༌། །
ཚེ་བསོད་དཔལ་འབྱོར་སྤེལ་བའི་ཕྲིན་ལས་དང་། །
ཉམས་རྟོགས་ཡེ་ཤེས་ཡར་ཟླའི་དཔལ་དུ་མཛོད། །
ཅེས་པ་འདི་ཡང་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ