དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 19 November 2012
༧མཁན་ཆེན་བླ་མ་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
མཁན་ཆེན་བླ་མའི་འཁྲུངས་ལ་ཕུལ་བའི་དབང་གི་མེ་ཏོག་དམར་པོ།
།
ཨེ་མ་ཧོ།
ཀ་ནས་དག་པ་གཞི་ཡི་གནས་ལུགས་རྟོགསཿ
ཁ་དོག་བདུན་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགསཿ
ག་ཆད་འཁོར་འདས་དབྱེར་མེད་ཕྱག་རྒྱའི་གདབསཿ
ང་རྒྱལ་རང་བྱུང་གདོད་མའི་མགོན་པོ་རྒྱལཿ
ཅ་ཅོ་མ་བཅོས་གཉུག་མའི་རང་མདངས་ཤརཿ
ཆ་ལུགས་ངེས་མེད་བརྟུལ་ཞུགས་སྤྱོད་པའི་མཛེསཿ
ཇ་ཆུང་འདོད་ཡོན་ལོངས་སྤྱོད་ལམ་དུ་འཁྱེརཿ
ཉ་གོང་ཟླ་དགྱེས་པདྨ་ཧེ་རུ་ཀཿ
ཏ་ཐ་ག་ཏའི་ཟབ་གསང་བསྟན་པ་འཛིནཿ
ཐ་མལ་སྣང་གྲོལ་རིག་པ་ཅེར་གྱིས་གཟིགསཿ
ད་ཀི་དཔའ་མོའི་ཚོགས་རྗེ་དབང་དུ་སྡུདཿ
ན་འཆིའི་འཇིགས་བྲལ་ཆེ་མཆོག་རོལ་བ་རྒྱལཿ
པ་སངས་འོ་མའི་སྙིང་བཅུད་ཀློང་ཆེན་པའིཿ
ཕ་ཆོས་སྙིང་ཐིག་ཟབ་མོའི་གཏེར་ལ་དབངཿ
བ་མཆོག་བདུད་རྩིའི་ཞི་བསིལ་སྤྲོས་དང་བྲལཿ
མ་གྱུར་འགྲོ་ཀུན་བྱམས་གཅིག་གྲོལ་གྱུར་ཅིགཿ
ཙ་རི་ཏྲ་སོགས་དབེན་གནས་སྒྲུབ་གནས་ཀུནཿ
ཚ་གྲང་མུན་སྒོམ་ཡུལ་ལས་རབ་འདས་པའིཿ
ཛ་ཡའི་གསུང་མཆོག་ཐེག་དགུའི་ཡང་རྩེའི་དོནཿ
ཝ་ལེར་ཡིད་ཀྱི་སྣོད་དུ་འཁྱིལ་འདི་སྤྲོཿ
ཞྭ་གོས་ངུར་སྨིག་རྟོག་འཛིན་རབ་བྲལ་ཞིངཿ
ཟ་འཆག་སྤྱོད་ལམ་མ་བཅོས་ཡེ་བབ་ངངཿ
འ་འུར་གྲགས་སྟོང་རྒྱལ་བའི་རང་སྒྲར་ཤེསཿ
ཡ་མཚན་གུ་རུ་ཉིད་དང་དབྱེར་མེད་ཤོགཿ
རྭ་ལོ་གྲགས་རྒྱལ་མཐུ་སྟོབས་ལུས་དང་འགྲོགསཿ
ལྭ་དཀར་རས་པའི་དམ་ཚིགས་སེམས་དང་འགྲོགསཿ
ཤ་རྭ་རྔོན་པའི་ལས་འཕྲོས་བཀའ་གདམས་རྒྱུདཿ
ས་ཐོབ་རང་སྣང་དག་པའི་མགུར་གླུ་ལེནཿ
ཧ་ཧ་ཉམས་སྣང་བདེ་བའི་རོལ་མོ་ལསཿ
ཧོ་ཧོ་འོད་གསལ་རྫོགས་ཆེན་དགོངས་པ་ཤརཿ
ཨ་ཨ་ཆོས་རྣམས་སྐྱེ་མེད་སེམས་ཀྱི་གཤིསཿ
ཨོ་ཨོ་རིག་པ་རང་ངོ་ཤེས་གྱུར་ཅིགཿ
ས་མ་ཡཿ
སྤྲུལ་སྐུ་དབང་ཆེན་ནས་་་་
Subscribe to:
Post Comments (Atom)
0 comments:
Post a Comment