དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 8 March 2014
༄༅།།རྒྱལ་སྤྱིའི་བུ་མོའི་དུས་ཆེན་ལ་ཕུལ་བའི་མེ་ཏོག་དཀར་པོ།།
ན་མོ་གུ་རུ་ཨརྱ་ཏྰ་ར་ཡེ།།
རྒྱལ་ཀུན་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན།།
རྒྱལ་སྲས་བྱང་སེམས་འཕགས་མ་ཉེར་གཅིག་དང་།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཁའ་འགྲོའི་ཚོགས།།
རྒྱལ་སྤྱིའི་དུས་ཆེན་ཉིན་མོར་བདེ་ལེགས་ཞུ།།
མཛེས་པའི་མཚན་དཔེས་རྒྱལ་ཀུན་མཆོད་པའི་ལྷ།།
མཛངས་པའི་མཁྱེན་རབ་ཕུལ་བྱུང་སྐྱེ་དགུའི་བདག།།
བདེ་ཆེན་ཡེ་ཤེས་འདྲེན་པའི་ཕྱག་རྒྱའི་གྲོགས།།
རྗེ་བཙུན་མི་མོའི་ཚོགས་ཀུན་རྒྱལ་གྱུར་ཅིག།།
ཤིང་རྟར་ཉི་ཟླ་སྐར་མའི་མི་མོའི་རིགས།།
ལུས་བདེ་སེམས་སྐྱིད་ཚུལ་བཞིན་སྤྱོད་པའི་ངང་།།
གསང་གསུམ་ཡོན་ཏན་ཡར་རྒྱས་ཕུན་ཚོགས་དཔལ།།
གོང་ནས་གོང་འཕེལ་འཇིག་རྟེན་རྒྱན་དུ་ཤོག།
ཁྱད་པར་གངས་རིའི་སྲས་མོ་མཆེད་ལྕམ་རིགས།།
དྲང་བདེན་ཐེག་པའི་ལམ་བཟང་རྟག་བསྟེན་ནས།།
བཅུ་ཕྲག་རིག་པའི་སྒྲོན་མེ་ནང་ནས་བཞད།།
མ་ལུས་ཡུམ་ཆེན་དགོངས་པ་མཐར་ཕྱིན་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་གདོང་གྲོགས་ཕྱི་གསལ་ནང་གསལ་གྱིས་བསྐུལ་བར་ལྟར་བིརྱ་དྷྰ་ར་ཤྲྰི་ཨ་ནནྟ་བཛྲས་ཐོལ་བྱུང་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་སྨོན་པར་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment