དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 30 April 2011
༄༅། ། གསང་གནད་དམ་པ།
དད་པའི་མེ་ཏོག་བཀྲ་བས། །
སྙིང་པོ་ཟེའུ་མ་ཉམས། །
དམ་ཚིག་རྡོ་རྗེའི་བརྩེ་གདུང་། །
ནམ་ཡང་འབྲལ་བ་མེད་དོ། །
དཔྱིད་ཀའི་ངོ་ཚ་མེ་ཏོག །
ཟུམ་ཟུམས་ངོ་གཉེར་མ་གནང། །
ཁྲིམས་གཙང་རྡོ་རྗེ་འཛིན་པ། །
དབུ་སྟོད་དམའ་བ་མིན་ནོ། །
དབྱར་ཀའི་ཆུ་སྐྱེས་རྩི་ཐོག །
སྣ་ཚོགས་བཞད་པ་མང་ཡང། །
ཡིད་འོང་རྒྱ་སྟག་ཟིལ་བ། །
ཁ་བའི་བསོད་ནམས་ཡིན་ནོ། །
སྟོན་ཀའི་ལུག་རུ་སེར་པོ། །
འདྲ་མིན་ཁ་དོག་ལྡན་པའི། །
གླང་སྣ་གཞན་ལ་མ་སྡང་། །
རིགས་མཐུན་ལུགས་གཉིས་ཟིན་ནོ། །
དགུན་ཀའི་གངས་ལྷ་མེ་ཏོག །
བསིལ་ལྗོངས་དུངས་ཞེན་ཡོད་ན། །
ནམ་ཟླ་དྲོ་གྲང་ཀུན་ལ། །
བགྲེས་རྒུད་མེད་པར་བཞུགས་སོ། །
ཞེས་རྨི་ལམ་ཞིག་ལ་རྐྱེན་བྱས་ནས་ཕྱི་ལོ་༢༠༡༠༢ ༡༨ལ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ།། །།
དད་པའི་མེ་ཏོག་བཀྲ་བས། །
སྙིང་པོ་ཟེའུ་མ་ཉམས། །
དམ་ཚིག་རྡོ་རྗེའི་བརྩེ་གདུང་། །
ནམ་ཡང་འབྲལ་བ་མེད་དོ། །
དཔྱིད་ཀའི་ངོ་ཚ་མེ་ཏོག །
ཟུམ་ཟུམས་ངོ་གཉེར་མ་གནང། །
ཁྲིམས་གཙང་རྡོ་རྗེ་འཛིན་པ། །
དབུ་སྟོད་དམའ་བ་མིན་ནོ། །
དབྱར་ཀའི་ཆུ་སྐྱེས་རྩི་ཐོག །
སྣ་ཚོགས་བཞད་པ་མང་ཡང། །
ཡིད་འོང་རྒྱ་སྟག་ཟིལ་བ། །
ཁ་བའི་བསོད་ནམས་ཡིན་ནོ། །
སྟོན་ཀའི་ལུག་རུ་སེར་པོ། །
འདྲ་མིན་ཁ་དོག་ལྡན་པའི། །
གླང་སྣ་གཞན་ལ་མ་སྡང་། །
རིགས་མཐུན་ལུགས་གཉིས་ཟིན་ནོ། །
དགུན་ཀའི་གངས་ལྷ་མེ་ཏོག །
བསིལ་ལྗོངས་དུངས་ཞེན་ཡོད་ན། །
ནམ་ཟླ་དྲོ་གྲང་ཀུན་ལ། །
བགྲེས་རྒུད་མེད་པར་བཞུགས་སོ། །
ཞེས་རྨི་ལམ་ཞིག་ལ་རྐྱེན་བྱས་ནས་ཕྱི་ལོ་༢༠༡༠༢ ༡༨ལ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment