དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
ལུག་ཤྲྰིའི་རང་སྣང་གང་ཤར་མ། །
བྷ་ཨ་མུ་ཡེ། །
རྒྱ་དཀར་པོའི་སྨྲྀ་ཏི་ཛྙྰ་ན་དང་། །
བོད་བླ་མ་འཇིགས་མེད་ཕུན་ཚོགས་ཀྱིས། །
ལུག་རྫི་བོར་གནང་བཞིན་ཕྲིན་ལས་སྐྱོང་། །
ལུག་ཐུགས་བརྩེ་གནང་གང་དེ་ལ་འདུད། །
གངས་རི་བོའི་གཟི་དཔལ་དགུང་ལས་མཐོ། །
གཡང་ལུག་རྣམས་ཞི་དུལ་རྩི་ཏོག་རོལ། །
དུང་དབྱངས་ལྟར་འབའ་སྒྲ་སྙན་པར་ལེན། །
དཔོན་མེད་རུང་དུད་འགྲོ་སྣང་བ་སྤྲོ། །
གནས་དྭངས་གཙང་ཡིད་འོང་གངས་ལྗོངས་སུ། །
ཕོ་ཁྲོམ་པོ་གདོང་བཙན་འབྲོང་ལས་ལྷག །
མོ་མ་མོ་མཛེས་བརྩེ་བྱ་ལས་འཕགས། །
ཆུང་ལུ་གུས་གུག་རྩེད་གླ་ལ་འགྲན། །
སྤྱང་དགྲ་བོས་གཡང་དཀར་ཤ་ལ་རྔམ། །
ལུག་དོན་མེད་རིན་ཆེན་སྲོག་དང་བྲལ། །
སྤང་རྩི་ཐང་བདེ་སྐྱིད་བརླག་འདི་སྐྱོ། །
སྐྱབས་བཅོལ་གྲོགས་འགྲོ་བ་མི་ལ་ཞུས། །
མི་སྨྲ་ཤེས་དོན་གོ་ཡིན་ཟེར་ཡང་། །
དོན་གཞན་སྡུག་རང་ལ་བསམ་མཁན་ཉུང་། །
ལུག་བལ་དཀར་འཚོ་བའི་རྟེན་དུ་བླངས། །
ཁྲོམ་ཚོད་འཛིན་ཤབ་གཟན་ཐང་གང་བཟོས། །
ལུག་རིགས་རྒྱུད་སྔར་ལས་ཇེ་ཉུང་བཏང་། །
ལུག་རྒས་ཀྱང་བདེ་ཤི་བྱེད་དབང་མེད། །
ལུག་དབྱར་སྟོན་དགུན་ཁྲལ་བཞིན་དུ་འཇལ། །
ལུག་ཕལ་ཆེར་ཚེ་སྲོག་རིན་ཐང་བྲལ། །
ལུག་སྦྱིན་རྫས་ཟེར་ནས་གསོན་བསྲེག་བཏང་། །
ལུག་བལ་ལས་མི་ཚད་ལྤགས་པ་བཤུས། །
ལུག་ཕ་ལས་མི་ཚད་མ་ཡང་གསོད། །
ང་ཉམ་ཆུང་ལུ་གུ་སྙིང་རེ་རྗེ། །
ལུག་ལྷས་ར་གཙང་དག་བྱེད་ནི་མེད། །
ལུག་ཨ་ཏ་ལུ་གུ་ཤིན་ཏུ་སྡུག །
ལུག་ཨ་ཡུ་ཚེ་ཐག་དེ་བས་ཐུང་། །
ལུག་ང་ཚོ་སྡུག་བསྔལ་བསམ་ཡུལ་འདས། །
རྗེ་སྲོང་བཙན་སྒམ་པོ་བཀའ་ཁྲིམས་དང་། །
ལྷ་མཁན་སློབ་ཆོས་གསུམ་ཐུགས་རྗེ་ཡིས། །
ཆོས་རབ་བྱུང་སྔགས་པ་དར་ནས་བཟུང་། །
ལུག་ང་ཚོར་བདེ་བ་ཅུང་ཐོབ་མོད། །
ལུག་རིགས་རྒྱུད་གསོ་སྐྱོང་བྱེད་མཁན་དཀོན། །
ལུག་རྔ་ལེབ་སྡུག་བསྔལ་དེ་ལས་ཆེ། །
ལུག་ཁྱིམ་ཟླ་ཚེས་དུས་གཞོང་འགེབ་བརྒྱབ། །
ལུག་དབང་མེད་གྲྭ་རྟ་འདི་ནས་དར། །
རྒྱ་ནག་པོ་ཐོན་ནས་ཚུན་ཆོད་ལ། །
ལུག་ཚོན་པོ་ལས་བྱེད་དབང་ཤ་བདག །
ལུག་སྡང་བར་སྤྱང་ཀི་ལས་ཀྱང་ལྷག །
ལུག་ཁོག་ནད་མུན་པ་དྭངས་ཐབས་བྲལ། །
ལུག་ཀླད་མེད་ཟེར་ནས་ཁྱད་གསོད་དང་། །
ལུག་མ་བུ་ཁ་བྲལ་བཏང་བ་ཡི། །
ལུག་ཚེ་སྲོག་བརླག་པའི་ཤན་པ་ལ། །
ལུག་དཀར་ཀྱང་བསམ་པ་གཏིང་ནས་ནག །
ལུག་ཕ་བསད་ལག་དམར་སྲིན་པོ་ཚོ། །
ལུག་གནས་ལུགས་བཤད་པའི་བྷ་ཨ་ལ། །
ལུག་ཁྱུ་ཚོགས་ཡོངས་ཀྱི་མགྲིན་ཚབ་ཏུ། །
ལུག་ཤྲྰིའི་འབའ་སྒྲས་ལྷང་ལྷང་བོས། །
ཞེས་པ་ནི་༢༠༠༩ ༨ ༤ ལ་ཀ་དག་ལུ་གུ་ཤྲྰི་སྨྱོན་པས་མུ་ཨ་ལུ་གུ་དྲན་པའི་གདུང་ཡུས་དང་ལུག་གུའི་བརྙན་འཕྲུལ་ཞིག་མཐོང་བ་ལ་བརྟེན་ནས་ཅི་ཤར་དུ་བཅོས་བསྒྱུར་མེད་པར་མྱུར་བྲིས་བགྱིས་པས་གཡང་དཀར་ལུག་ལ་བྱམས་བརྩེ་དང་བདག་སྐྱོང་སྲོག་བསླུ་གནང་བའི་རྒྱུ་རུ་གྱུར་ ཅིག། །། ཤྲྰི་སརྦ་དྷརྨྰ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ