དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 1 May 2011
༄༅། །དོན་ལྡན་མི་ལུས་ཀྱི་ཚེ་སྲོག་ཡིད་བཞིན་ནོར་བུའི་ས་བཅད་བཞུགས་སོ། །།
༡ མི་ཚེའི་དོན་དང་རིན་ཐང་།།
༡འགྲོ་བ་མི་ཡི་ལུས་རྟེན་ཐོབ་པ་འདི་ལེགས་ཉེས་སྒྲུབ་སར་ཡར་འགྲོ་མ་འགྲོའི་ས་མཚམས་ལྟ་བུ་ཞིག་ཡིན་པའི་དོན། །
༢ དོན་མེད་ཀྱིས་མི་ཚེ་ཟད་ནས་ཚེ་འདི་དང་ཕྱི་མ་ལ་ཕན་བདེའི་གོ་སྐབས་ཡང་དག་པར་འཚོལ་མ་ཤེས་པའི་དོན། །
༣ དཀའ་ལས་དང་འཚོ་བའི་རྩོལ་སྒྲུབ་ཁོ་ནས་དུས་འདས་ཏེ་རང་འཆི་ཚེ་འགྱོད་པ་དང་བཅས་པས་འཆི་བའི་དོན། །
༤ བསམ་ངན་དང་སྤྱོད་ངན་གྱིས་སེམས་ཅན་ལ་གནོད་པ་སྣ་ཚོགས་ཀྱིས་རང་གི་མི་ཚེ་དེ་རང་གིས་འཕུང་བའི་དོན། །
༥ བསམ་པ་བཟང་པོས་ཉེ་འབྲེལ་དང་མཐུན་གྲོགས་ལ་ཆགས་སྡང་གིས་ཕན་ཅི་ཐོག་ངང་ཚེ་འདིར་ཁོ་ནས་གཡེང་བའི་དོན། །
༦ མཚན་ལྡན་བླ་མ་དམ་པ་ལས་གདམས་ངག་ཞུས་ནས་དྲན་ཤེས་བག་ཡོད་ཀྱིས་རྒྱུན་སྐྱོང་བར་མི་ཚེའི་རིན་ཐང་ཐོབ་པའོ། །
༢ མི་ཚེ་དོན་ལྡན་ཇི་ལྟར་བྱ་ཚུལ།།
༡ སྐྱེ་བ་སྔ་ཕྱིའི་རྣམ་བཞག་དང་མ་འོངས་མདུན་ལམ་གྱི་ལམ་ཡང་དག་པའི་རྒྱུ་རྐྱེན་ལས་འབྲས་ལ་བློ་ཇི་ལྟར་སྦྱོང་ཚུལ། །
༢ ལེགས་ཉེས་རྣམས་ཕྲ་ཞིབ་ཀྱིས་བརྟག་ཅིང་དཔྱད་ནས་བཟང་ངན་གོ་མ་ནོར་བར་ཁེ་ཕན་ཇི་ལྟར་ཐག་གཅོད་ཚུལ། །
༣ བསམ་པས་རྒྱུན་སྐྱོང་ནས་གཟུར་གནས་བློ་གྲོས་མཐར་ཕྱིན་ནས་ཕན་གནོད་ཀྱིས་ཤན་འགྱེད་ཇི་ལྟར་ནུས་ཚུལ། །
༤ ཕྲལ་ཕུག་བདེ་བ་ཆེ་ཆུང་དང་རྒྱུན་རིང་ཐུང་ལ་བསམ་ནས་དམ་པའི་ཆོས་རྣམ་དག་སྒྲུབ་པ་ལ་ཇི་ལྟར་བརྩོན་ཚུལ། །
༥ གདམས་ངག་གི་གནད་རྟོགས་ན་སྤྱོད་ལམ་རྣམ་བཞིའི་སྐབས་ཐམས་ཅད་ལ་རང་བཞིན་ཉམས་ལེན་ཇི་ལྟར་ངོ་སྐྱོང་ཚུལ་ལོ། །
༣ འཁོར་བ་སྡུག་བསྔལ་གྱི་རང་བཞིན།།
༡ ཕྱི་སྣོད་སྒྱུ་ལུས་རྡུལ་ཕྲན་བཟང་པོ་ནུས་པ་ཉམས་ལ་ངན་ཤུགས་འཕེལ་དྲག་ནས་འབྱུང་བའི་གནོད་འཚེས་སྡུག་བསྔལ། །
༢ ནང་སེམས་རྣམ་རྟོག་སྣ་ཚོགས་ཀྱི་ཤེས་འཁྲུལ་རྨོངས་པས་རང་འདོད་མི་འགྲུབ་པར་སེམས་ཚབས་མང་བའི་སྡུག་བསྔལ། །
༣ རང་སེམས་དུག་ལྔས་གཞན་དབང་གྱུར་པས་རང་གཞན་སྨྱོན་པས་ལས་ཉོན་དྲག་པོས་མནར་བའི་ན་ཚས་སྡུག་བསྔལ་ལོ། །
༤ སྐྱབས་འགྲོ་རྣམ་གྲངས་དང་ཕན་ཡོན
༡ མཆོག་གསུམ་ཡོན་ཏན་ཤེས་པའི་དད་པ་བརྟན་པོ་ཡོད་པས་དང་པོ་དམ་པའི་ཆོས་ལ་འཇུག་པའི་སྒོ་འབྱེད་པའི་ཕན་ཡོན། །
༢ དམ་པའི་ཆོས་ལ་རྒྱུན་དུ་གུས་རྟག་བརྩོན་འགྲུས་ལྡན་ན་བར་དུ་དམ་ཆོས་སྒྲུབ་འདོད་ཀྱིས་གྲོགས་བྱེད་པའི་ཕན་ཡོན། །
༣ དམ་ཆོས་སྒྲུབ་པའི་ངེས་ཤེས་རྣམ་དག་སྐྱེས་པས་མ་རིག་ལོག་རྟོག་བསལ་བས་དམ་པའི་ཆོས་མཐར་ཕྱིན་པའི་ཕན་ཡོན་ནོ། །
༥ བྱང་ཆུབ་སེམས་མཆོག་གི་ནུས་མཐུ།།
༡ བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་ངོ་བོ་བསྟན་པས་ལེགས་ཚོགས་ཐམས་ཅད་འབྱུང་བའི་ནུས་མཐུའི་རྩ་བ་ཡིན་ཚུལ། །
༢ ཕ་རོལ་ཕྱིན་དྲུག་་སྤྱོད་འཇུག་གིས་གཞན་ཕན་སྒྲུབ་པའི་ཐབས་མཁས་དང་སྙིང་སྟོབས་ནུས་མཐུའི་ཁྱད་པར་འཕགས་ཚུལ། །
༣ ཐབས་སྟོབས་སྨོན་ལམ་ཡེ་ཤེས་མཐར་ཕྱིན་པས་སངས་རྒྱས་མཁྱེན་པའི་འབྲས་བུ་བླ་མེད་ནུས་མཐུ་ཐོབ་ཚུལ་ལོ། །
༦གསང་སྔགས་ལྟ་བསྒོམ་དང་ཟབ་གནད།།
༡ སྣང་སྲིད་དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་བ་ཕུན་ཚོགས་ལྔ་ལྡན་དང་སྦྱར་བ་ཡང་དག་པའི་ཟབ་གནད་བཤད་པ། །
༢ སྲོག་སྡོམ་གཟེར་བཞི་དང་དག་རྫོགས་སྨིན་གསུམ་ཚང་བའི་བསྒོམ་པ་དྲི་མ་མེད་པའི་ཟབ་གནད་ཀྱི་ཁྱད་ཆོས་བཤད་པ། །
༣ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་འབྲས་ཆོས་ཉེར་ལྔ་ལ་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སྦྱང་བའི་ཟབ་གནད་དོ། །
༧ ལུས་གནད་ནད་མེད་ཀྱི་ཐབས་ཤེས།།
༡ ལུས་གནས་རྩ་དཀྱིལ་གནས་དྲུག་བསྒོམ་ཐབས་འདུག་སྟངས་ལ་བརྟེན་ནས་ཆོས་བདུན་གྱི་ངོ་བོ་བཤད་པའི་ཐབས་ཤེས། །
༢ ལུས་གནས་རྩ་གནད་རྒྱུ་འགྲིམ་གྱི་ཕྱག་འཚལ་གཡོ་འགུལ་ལ་བརྟེན་ནས་རང་ལུས་བདེ་ཐང་གི་བྱ་བའི་ཐབས་ཤེས། །
༣ ལུས་སྦྱང་གནད་གསང་ཉི་ཤུའི་རྣལ་འབྱོར་ལ་བརྟེན་ནས་འབྱུང་འཁྲུག་སྒྱུ་ལུས་ཀྱི་ནད་རིགས་བསལ་བའི་ཐབས་ཤེས་སོ། །
༨ རླུང་གནད་ངག་སྦྱོར་གྱི་མན་ངག།
༡ རླུང་གནད་བུམ་དཀྱིལ་རང་སོར་བཞག་ནས་སྣ་བུག་གཡས་གཡོན་དང་ཆ་མཉམ་བཏང་བས་དུག་ནད་སེལ་བའི་མན་ངག །
༢ རླུང་བཅུའི་བཅོས་ཐབས་ལག་གཉིས་མཛུབ་མོར་སྐུ་མཉེ་དང་གཟུངས་སྔགས་བཟླས་པས་འབྱུང་ལྔ་ཆ་མཉམ་པའི་མན་ངག །
༣ ཧཾ་ཡཾ་ལཾ་གྱི་དམིགས་རྣམ་དང་འབྲུ་གསུམ་བཟླས་པའི་ཕན་ཡོན་དབུགས་འབྱིན་རྔུབ་དང་གཏོང་ལེན་བསྒོམ་པའི་མན་ངག་གོ །
༩ སེམས་གནད་ཞི་ལྷག་གི་བསྒོམ་ཚུལ།།
༡ སེམས་གནད་ཞི་གནས་བཞག་ཐབས་དགུ་དང་བསམ་གཏན་གྱི་སྐྱོན་ལྔ་བསལ་བར་བརྟེན་ནས་ཞི་གནས་རྐྱང་པ་བསྒོམ་ཚུལ། །
༢སེམས་གནད་བདག་མེད་རྣམ་གཉིས་ཀྱི་སྟོང་ཉིད་གོམས་པས་ལྷག་མཐོང་དེ་ཉིད་རྟོགས་པའི་རང་བཞིན་བསྒོམ་ཚུལ། །
༣ སེམས་གནད་ཞི་ལྷག་དབྱེར་མེད་ངང་དུ་རྒྱུན་མི་བཅད་པར་མཉམ་རྗེས་སྤེལ་མ་བསྒོམ་པས་གྲུབ་འབྲས་ཐོབ་ཚུལ་ལོ། །
༡༠ ཡེ་ཤེས་མཐར་ཐུག་པའི་རིག་པ།།
༡ གཞི་དབྱིངས་ཀ་དག་གི་ལྟ་བ་རི་བོ་ཅོག་གཞག་ངོ་ཤེས་པར་ཡེ་ཤེས་མཐར་ཐུག་པའི་རིག་པ་ངོ་ཁྲོད་པ་སྐྱབས་འགྲོ་ཡང་དག །
༢ལམ་མཆོག་ལྷུན་གྲུབ་ཀྱི་བསྒོམ་པ་རྒྱ་མཚོ་ཅོག་གཞག་གི་ཡེ་ཤེས་མཐར་ཐུག་པའི་རིག་པ་རྒྱུན་སྐྱོང་བ་སེམས་བསྐྱེད་ཀྱི་རྒྱལ་པོ། །
༣ ལྟ་སྒོམ་དབྱེར་མེད་ཀྱི་སྤྱོད་པ་སྣང་བ་ཅོག་གཞག་གི་ཡེ་ཤེས་མཐར་ཐུག་པའི་རིག་པ་ངང་མ་ཤོར་བ་མཛད་པའི་ཕྲིན་ལས། །
༤ བླ་ན་མེད་པའི་འབྲས་བུ་རིག་པ་ཅོག་གཞག་གི་ཡེ་ཤེས་མཐར་ཕྱིན་པའི་གྲུབ་འབྲས་ཐོབ་པ་སངས་རྒྱས་བླ་མའོ། །

Subscribe to:
Post Comments (Atom)
0 comments:
Post a Comment