དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 2 May 2011
༄༅། །གློ་བུར་གྱི་འཆར་ཆ།།
ན་མོ་གུ་རུ་མ་ཧྰ་མུ་དྲ་ཡེ།
ཀ་དག་སྟོང་ཆེན་ལྷུན་གྲུབ་ངང་། །
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་པའི། །
ག་བུར་མདངས་འཛིན་མཛའ་ན་མོ། །
ང་ཡི་སྙིང་དཀྱིལ་ཁབ་ཏུ་སོན། །

ཅ་ཅོའི་དོན་མེད་མི་སྨྲ་ཞིང་། །
ཆ་རྒྱུས་གབ་སྦས་གཉེར་མཁས་མ། །
ཇ་ཡུན་ཙམ་ལ་འབྲལ་མེད་ངང་། །
ཉ་གང་ཟླ་བཞིན་ཉམས་རྟོགས་རྫོགས། །

ཏ་ཐྰ་ག་ཏའི་བཀའ་གཏེར་གཞུང་། །
ཐ་སྙད་སྒྲོ་བཀུར་བྲལ་བའི་ཆོས། །
ད་ལྟ་རང་རེས་སྒྲུབ་ནུས་ན། །
ན་ཚོད་ཁྱད་མེད་སྨིན་གྲོལ་ངེས། །

པ་ར་མི་ཏའི་ཡུམ་ཆེན་མོ། །
ཕ་མའི་རྒྱུད་སྡེར་གཟུངས་སྔགས་མོ། །
བ་སྤུའི་གྲངས་བཞིན་མཁའ་འགྲོ་མ། །
མ་ལུས་འགྲོ་ཀུན་འདྲེན་མཛད་མ། །

ཙ་རུ་གནས་པའི་སྙིང་སྡུག་མ། །
ཚ་གྲང་སྐྱོབས་པའི་དྲིན་ཆེན་མ།།
ཛ་ཡའི་བསྟན་པའི་བཀའ་སྲུང་མ། །
ཝ་ལེར་དྲན་པའི་རང་རིག་མ། །

ཞྭ་དམར་བསྟན་པའི་མངའ་བདག་མོ། །
ཟ་ཧོར་རྒྱལ་མོའི་སྐྱེ་སྤྲུལ་མོ། །
འ་ཅག་སྣང་བའི་རྗེ་བཙུན་མོ། །
ཡ་མཚན་ལྡན་པའི་ལྷ་ལྕམ་མོ། །

ར་ཛ་གདུལ་བའི་གཤེད་བདག་མོ། །
ལ་གཞས་མཆོད་པའི་ཌྰ་ཀི་མ། །
ཤ་རུས་གཅིག་པུའི་གདུང་འཚོ་མ། །
ས་སྟེང་བརྒྱན་གཅིག་འཕགས་མར་བསྟོད། །

ཧ་ཅང་དཀོན་པའི་ཡིད་བཞིན་ནོར། །
ཨ་མ་ཡུམ་ཆེན་ཕ་རོལ་ཕྱིན། །
ཧ་གོ་དོན་རྟོགས་གསང་བའི་གནད། །
ཨ་ཏིའི་ཟབ་དོན་མྱོང་བར་སྨོན། །
ཞེས་པའང་རབ་རྒྱན་ཤིང་བྱའི་ཟླ་༧ཚེས་༡༠ཉིན་རང་བཙན་ཁ་བ་དཀར་པོའི་ཉེ་འགྲམ་ནས་གློ་བུར་གྱི་འཆར་ཆ་རང་སྣང་གང་ཤར་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ