དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
སྨྱོས་གཏམ་གོ་བདེ་མ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཙིཏྟ་ཡེ། །
སྙིང་གི་མ་རིག་མུན་སེལ་དྲན་རིག་གི་ཡེ་ཤེས། །
སྙིང་དབུས་དཀྱིལ་འཁོར་ཁབ་ཏུ་འབྲལ་མེད་དུ་བཞུགས་པས། །
སྙིང་དོན་མཐར་ཐུག་དམ་ཆོས་དམ་པ་ཡི་སྣང་བའི། །
སྙིང་གཏམ་ཕུལ་བས་འགྲོ་ཀུན་ཕན་བདེ་རུ་སྨོན་ནོ། །
སྙིང་གྲོགས་གྲྭ་ཆུང་རིག་པའི་རྡོ་རྗེ་ཡི་དད་གུས། །
སྙིང་ནས་ཕྲག་དོག་སྒྲོ་བཀུར་མཁན་པོ་ཡི་སྡང་ཞེན། །
སྙིང་གཏམ་བཤད་སའི་ཡུལ་ལ་ཁྱད་མེད་ཞིག་ཡིན་ཀྱང་། །
སྙིང་དུ་འཛིན་སྐྱོང་སྤེལ་ལ་ཁྱད་ཆོས་དེ་སོ་སོར། །
སྙིང་བརྩེའི་ཕ་མར་མ་མཐོང་མདོ་ཤོར་གྱི་ཕོ་མོ། །
སྙིང་སེམས་ཡིད་གཏད་མེད་པའི་ཕོ་གསར་དང་མོ་གསར། །
སྙིང་ཁམས་རླུང་གིས་དཀྲུག་པ་རྒྱལ་བསེན་གྱི་ཆོ་འཕྲུལ། །
སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་གིས་སྐྱོབས་ཤིག །
སྙིང་ལས་གཅེས་པའི་གངས་ཅན་ཕོ་མོ་རྣམས་བསམ་ཚེ། །
སྙིང་ཁྲག་མཆོད་པ་མི་ཕུལ་རང་དབང་ཞིག་མ་བྱུང་། །
སྙིད་ནད་ཅན་གྱི་བན་རྒན་སྨྱོས་གཏམ་དུ་མ་བསམ། །
སྙིང་གཏམ་ཕྱོགས་བསྒྲིགས་ཧི་གཟུགས་དཔེ་མཛོད་ཅིག་སྤེལ་ཡོད། །
སྙིང་གཏམ་སྙིང་ལ་འཕྲོད་ན་སྙིང་གྲོགས་ཀྱི་མཐར་ཐུག །
སྙིང་བརྩེ་རབ་འབྲིང་ཐ་མའི་དབྱེ་བ་དག་ཤེས་ན། །
སྙིང་པོའི་ལྷ་ཆོས་ཞེས་པ་ཐག་རིང་ན་མི་འདུག །
སྙིང་ཐིག་སྙིང་པོ་ལོན་པར་བདེ་སྐྱིད་ཀྱི་ཡང་རྩེ། །
སྙིང་རྗེ་དད་གུས་ལྡན་པའི་སྐལ་བཟང་གི་སྐྱེས་བུས། །
སྙིང་བོར་ལྷ་ཆོས་དམ་པར་དོན་གཉེར་ཞིག་ཡོད་ན། །
སྙིང་མེད་འཁོར་བར་དལ་འབྱོར་སྙིང་པོར་ཞིག་ལོན་ཐབས། །
སྙིང་ནས་ཞེན་ཆགས་སྤོང་ལ་སྙིང་ཆོས་ཤིག་རེམ་རེམས། །
སྙིང་ཏིག་སྙིང་པོར་བརྩོན་པའི་རྫོགས་ཆེན་གྱི་རྣལ་འབྱོར། །
སྙིང་སེམས་རང་བྱུང་མོས་གུས་དག་སྣང་གི་རང་གཤིས། །
སྙིང་གི་གཟུང་འཛིན་རང་གྲོལ་ངེས་ཤེས་ཀྱི་སྣང་བས། །
སྙིང་ནས་ཁོ་ཐག་ཆོད་པ་གདམས་ངག་འདི་གཅིག་ཆོག །
གཡུང་དྲུང་བོན་ཆོས་བཏགས་ཀྱང་དེ་ཀ་ཡི་རང་གཤིས། །
ཕྱག་རྫོགས་དབུ་སོགས་བན་ཆོས་དེ་ཉིད་ཀྱི་ངོ་བོ། །
སྣང་སྟོང་སྒྱུ་མའི་ཆོས་འདིས་བདེན་གཉིས་ཀྱི་རང་བཞིན། །
ཀུན་བྱེད་རང་རིག་རྒྱལ་པོ་མངོན་སུམ་དུ་སྟོན་འདུག །
སྤྱི་ལོ ༢༠༠༩ ༦ ༢༡ ཉིན་གྲོགས་པོ་ཀརྨ་རྡོ་རྗེས་དྲ་གྲོགས་འགས་རྒྱུན་པར་མཆོག་ལ་སྒྲོ་བཀུར་མང་པོ་འདུག་པ་ལན་གཅིག་གསུང་རོགས་ཞེས་ཡང་ཡང་བསྐུལ་ངོར་ལྷག་ལྷའི་ཡང་དབེན་ནས་སྨྱོན་པ་ཤྲྰིས་ཐོལ་བྱུང་དུ་གུས་ཕུལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ