དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 25 May 2011
མཐའ་མཇུག་གི་གཏམ་ནི་ཀླུ་སྨྱོན་ཁ་བརྡའི་དྲ་ཐོག་ཐོན་རུང་མ་ཐོན་རུང་ཁྱད་པར་ཡེ་མི་འདུག ངེད་གཉིས་དམ་གཙང་རང་ཡིན་ནོ། ཐོལ་གླུ་འདི་ཁ་བརྡ་དྲ་ལ་ཞལ་འདེབས་ཅིག་གི་ཆེད་དུ་ཡིན། རྗེས་སུ་ཁྱོད་ཚོད་སྒྲོ་བཀུར་ག་རེ་བྱེད་བསམ་ན་རང་དབང་ཡིན་མོད། ཁ་ཁོག་དང་ཚིག་སྔ་ཕྱི་འགལ་ན་དུས་ཚོད་སྟོང་ཟད་ཀྱི་ཆགས་སྡང་ཁོ་ན་རེད། གཟིགས་དང་གོང་གི་བོན་ནམ་ལ་སྟོད་བུ་ཟེར་བ་དེས་བན་བོན་གཉིས་ནི་མྱིག་གཡས་ནང་བཞིན་ཡིན་ལབ་པ་རེད། དེ་བདེན་ན་མིང་དེ་ལ་ཡང་བོན་བན་ཞེས་བཏགས་ན་ལེགས་སོ། ། དེ་མིན་བོན་ཞེས་བན་མེད་པར་ཞ་ར་རང་གི་ཁས་བླངས་ཡོད་པ་རེད། ལ་སྟོད་བུ་ཡིན་ན་ཡང་བུ་མོ་ལ་ལྟ་ཚུལ་གཞན་ཕྱོགས་རིས་དམན་ལྟ་བ་དོན་གྱི་ཁས་བླངས་ཡོད། དེ་འདྲའི་རིགས་ལ་བློ་གཏད་ས་དང་བགྲོ་གླེང་གི་གནས་མ་ཡིན་པས་མ་བྱས་ན་ལེགས་སོ། ། སླར་སྨྲས་པ། །
གཞོན་ནུ་ཟླ་མེད་ལུས་སྦྱོང་གནང་བར་མཁྱེན། །
པདྨ་གེ་སར་ངག་བཅད་གནང་བར་འཚལ། །
ལ་བུ་བོན་པོས་སེམས་གནས་བརྟེན་པར་མཛོད། །
དགྱེས་རྡོར་ང་ཡང་རེ་ཞིག་རང་ངལ་གསོ། །
མི་རྟག་སྟོན་ཀའི་སྤྲིན་གྱི་ལང་ཚོ་ལ། །
སྐྱེ་རྒ་ན་འཆིའི་སྲིད་པའི་ཟློས་གར་ངོམ། །
སྣོན་མེད་མི་ཚེ་དབང་གི་རི་ལ་ཉེ། །
ད་ནི་རེ་ཞིག་སྒོ་གསུམ་དབེན་པར་རྒྱུ། །
འདིར་སྨྲས་དགེ་བས་བདག་གཞན་གྲུབ་མཐའ་ཀུན། །
ཀུན་བཟང་ཐུགས་ཀྱི་བསྟན་པའི་རྩལ་དུ་རྫོགས། །
རྫོགས་ཆེན་སྙིང་ཐིག་རིག་པའི་སྨིན་གྲོལ་ལ། །
ལ་རྒྱའི་བསྟན་སྲིད་འཛིན་པའི་དཔལ་དུ་སྨོན། །ཐོལ་གླུའི་སྨོན་ཚིག་ཏུ་དྲ་གྲོགས་ཡོངས་ལ་ཤྲྰིས་གུས་ཕུལ། །
གཞོན་ནུ་ཟླ་མེད་ལུས་སྦྱོང་གནང་བར་མཁྱེན། །
པདྨ་གེ་སར་ངག་བཅད་གནང་བར་འཚལ། །
ལ་བུ་བོན་པོས་སེམས་གནས་བརྟེན་པར་མཛོད། །
དགྱེས་རྡོར་ང་ཡང་རེ་ཞིག་རང་ངལ་གསོ། །
མི་རྟག་སྟོན་ཀའི་སྤྲིན་གྱི་ལང་ཚོ་ལ། །
སྐྱེ་རྒ་ན་འཆིའི་སྲིད་པའི་ཟློས་གར་ངོམ། །
སྣོན་མེད་མི་ཚེ་དབང་གི་རི་ལ་ཉེ། །
ད་ནི་རེ་ཞིག་སྒོ་གསུམ་དབེན་པར་རྒྱུ། །
འདིར་སྨྲས་དགེ་བས་བདག་གཞན་གྲུབ་མཐའ་ཀུན། །
ཀུན་བཟང་ཐུགས་ཀྱི་བསྟན་པའི་རྩལ་དུ་རྫོགས། །
རྫོགས་ཆེན་སྙིང་ཐིག་རིག་པའི་སྨིན་གྲོལ་ལ། །
ལ་རྒྱའི་བསྟན་སྲིད་འཛིན་པའི་དཔལ་དུ་སྨོན། །ཐོལ་གླུའི་སྨོན་ཚིག་ཏུ་དྲ་གྲོགས་ཡོངས་ལ་ཤྲྰིས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment