དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །གང་ཤར་རང་སྣང་མེ་ལོང་། །
ཁ་བའི་གངས་ཕྲུག་གི་སྙིང་ཁྲག། །
ཁ་བའི་ཀླུང་ཆེན་བཞིན་འབབ་རུང་། །
ཁ་རྒྱབ་ཁོ་ན་ལ་བསམ་པས། །
ཁ་ཏ་དོན་མེད་རུ་གོ་འདུག །

ཁ་ཁོག་མི་མཚུངས་པའི་གྲོགས་པོ། །
དགྲ་གྲོགས་མ་ཤེས་པའི་ཐེ་ཚོམ། །
འོ་ཆུ་མི་འབྱེད་པའི་རུས་སྦལ། །
གང་ས་གང་ལ་ཡང་གང་འདུག །

བརྩེ་དུང་སྙིང་དམར་རེ་སྟོན་ཡང་། །
རྒྱ་དམར་རྒྱུག་ཁྱི་རུ་ལྟ་ཞིང་། །
བདེན་རྫུན་ལེགས་པར་རུ་འགྱེད་ན། །
ཧམ་སེམས་བསྟན་དཀྲུག་ཏུ་མཐོང་ངམ། །

སྙན་སྙན་ལེགས་ལེགས་ཀྱི་ཚིག་རྐྱང་། །
ལགས་སོ་ལེགས་སོ་ཡི་མགོ་བསྐོར། །
རང་སྐྱོན་སྙིང་གྲོགས་ལ་བཀལ་ན། །
མིག་ཆུ་ཁྲེལ་བགད་གཉིས་ནོར་རམ། །

ངེས་ཤེས་ཉི་མ་བཞིན་ཤར་དུས། །
གཏི་མུག་མུན་ནག་ཀུན་བསལ་བ། །
དངོས་པོའི་ཆོས་ཉིད་ཀྱི་རིགས་པ། །
མངོན་སུམ་སྣང་བ་དེ་འགོགས་སམ། །

དཔྱད་གསུམ་ལུང་རིགས་ཀྱིས་བརྟག་དཔྱད། །
སྟོན་དང་བསྟན་པ་ཡི་ཚད་གྲུབ། །
ངེས་ཤེས་རྣམ་དག་ཅིག་མེད་ན། །
ཧམ་སེམས་བྱེད་པ་རུང་ལོས་ཡིན། །

རང་དོན་ཁོ་ན་རང་བསམ་ན། །
ཆོས་བརྒྱད་གྲགས་པ་ལ་སྨོན་ཞིག །
བསྟན་དོན་རྣམ་དག་ཅིག་བསམ་ན། །
ལྷག་བསམ་དྲི་མེད་དུ་བརྩོནད་ཅིག །

ཅེས་པའང་བསོད་ནམས་ལྷུན་གྲུབ་ཀྱིས་བསྐུལ་ངོར་སེངྒ་གླིང་ནས་ཅི་དྲན་དུ་ཤྲྰི་སྨྱོན་པས་སོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ