དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 May 2011
༄༅། །རྗེ་ཙོང་ཁ་པ་དྲན་གླུ་ཡིད་ཀྱི་མུན་སེལ། །
ན་མོ་གུ་རུ་ཛྙྰ་ན་བྷ་དྲ་ཀིརྟི་ཡེ། །
ཀ་དག་གནས་བརྒྱད་དཀའ་བའི་དཀའ་གནད། །
ཁ་བའི་སྙིང་ནོར་ཁྱད་ཆོས་རྣམ་བརྒྱད། །
ག་དར་གངས་ཀྱི་རི་ལས་ཤར་བ། །
ང་ཡི་བླ་མ་ཙོང་ཁའི་ལྟ་བ། །

ཅ་ཅོའི་དབེན་གནས་དགའ་ལྡན་ཆོས་གྲྭར། །
ཆ་རྐྱེན་དཀའ་སྤྱད་ཐོས་བསམ་རྣམ་དག །
ཇ་བཟང་ཚགས་ལ་དྲངས་ལྟར་ངེས་པས། །
ཉ་གང་སྤྲིན་བྲལ་བསྒོམ་པ་ཟབ་མོ། །

ཏ་ཐྰ་ག་ཏའི་བསྟན་པའི་ཡང་སྙིང་། །
ཐ་སྙད་ལས་འབྲས་བསླུ་མེད་ཚུལ་ཁྲིམས། །
ད་ག་རང་བཞིན་དྲན་ཤེས་བག་ཡོད། །
ན་ཆུང་གཙང་མ་སྤྱོད་པའི་རྒྱལ་པོ། །

པ་ར་མི་ཏའི་ཐབས་ཤེས་ཟུང་འཇུག །
ཕ་མའི་རྒྱུད་སྡེའི་ཨེ་ཝྃ་ཟུང་འཇུག །
བ་ཀུ་ལ་ལྟར་ལྟ་སྤྱོད་ཟུང་འཇུག །
མ་ལུས་ཀུན་འདུས་བློ་བཟང་གྲགས་པ། །

ཙ་རུ་བཞུགས་པའི་དགེ་འདུན་མཁས་གྲུབ། །
ཚ་ལུའི་མདངས་འཛིན་འཕགས་ཚོགས་རྒྱ་མཚོས། །
ཛ་ཡའི་བསྟན་པའི་ལུང་རྟོགས་གེ་སར། །
ཝ་ལེར་གསལ་མཛད་འཇམ་མགོན་བླ་མ། །

ཞྭ་སེར་བསྟན་པ་ཕྱི་གཙང་ནང་གཙང་། །
ཟ་འདྲེ་མི་སྒྲུབ་མདོ་སྔགས་རྣམ་དག །
འ་འུར་མི་རྒྱུགས་ངེས་ཤེས་རྣམ་དག །
ཡ་རབ་དགེ་ལུགས་གྲུབ་མཐའ་ཡང་དག །

ར་བ་གངས་དཀར་གཡང་གི་དྭངས་མ། །
ལ་རྒྱའི་དཔའ་བོ་གེ་སར་གཉིས་པ། །
ཤ་རུས་གཅིག་པུའི་ཕུ་ནུ་གཙང་མ། །
ས་སྟེང་སྐྱེ་དགུའི་དཔལ་དུ་འཁྲུངས་སོ། །

ཨ་མདོའི་མཁས་པ་རིགས་པའི་རྒྱལ་པོ། །
ཧ་ཅང་བཙུན་པ་སྤྱོད་པའི་མཁན་པོ། །
ཨ་ལགས་དག་མ་དབུས་གཙང་ཆོས་རྒྱལ། །
ཧ་གོ་གསལ་བའི་ཁམས་པའི་བླ་མ། །

ཆོས་རྗེ་ཞུས་ན་འདི་འདྲ་ཞིག་གོ །
བླ་མ་དག་མ་འདི་འདྲ་ཡིན་ནོ། །
གྲྭ་བ་གཙང་མ་འདི་འདྲ་དགོས་སོ། །
དགེ་འདུན་དགེ་ལུགས་ཤིང་རྟ་རྣམ་དག །

ཅེས་པ་ནི་དགེ་བཤེས་བློ་བཟང་ཟླ་བའི་ངོར་༢༠༠༩ ༣ ༡ དགེ་ལེགས་ཡར་འཕེལ་ལམ་ཤྲྰིས་གུས་ཕུལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ