དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 2 June 2011
ཐོལ་བྱུང་གི་གདམས་ངག །
ཨེ་མ་ཧོ། །སྔོན་སོང་རྟོག་པའི་རྗེས་མ་སྐྱོད། །མ་འོངས་རྟོག་པའི་མདུན་མ་བསུ། །ད་ལྟའི་ཤེས་པ་རྟོག་མེད་ལ། །བཞི་ཆ་སུམ་བྲལ་རིག་པ་ལ། །མ་ཡེངས་གོམས་ཞིག་སྙིང་སྡུག་མ། །བདེ་གསལ་མི་རྟོག་ཉམས་རྟོགས་ལ། །ཞེན་པ་ཆོད་ལ་རྒྱུན་འབད་ན། མི་རིང་རིག་པའི་བཙན་ས་ཟིན། །དེ་དུས་ངེད་གཉིས་དགོངས་པ་གཅིག །དད་བརྩོན་བག་ཡོད་དྲན་ཤེས་ལྡན། །ཐབས་ཤེས་རིག་པའི་རྩལ་རྒྱས་ན། །སངས་རྒྱས་ཡེ་ཤེས་དེ་ཀའོ། ཤྲྰིས་གུས་ཕུལ། །
E MA HO!
Do not follow after previously arisen concepts,
Do not anticipate future concepts,
Do not have concepts about present consciousness:
Within intrinsic awareness free from these three aspects,
...Meditate without distraction, my darling.
Within the experience and realization of non-conceptual bliss-clarity,
If you exert yourself continuously in cutting through fixation,
You will capture the stronghold of intrinsic awareness before long.
At that time, the two of us will be of one realization.
With faith, diligence, attentiveness, and mindfulness,
If you expand the dynamic energy of intrinsic awareness
-- method and wisdom --
The pristine wisdom of the Buddha is just that!

Offered by Shri with respect.
Translated by Erick Tsiknopoulos (Sherab Zangpo).

0 comments:

ཟིན་བྲིས་འཚོལ་ཡུལ