དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 18 June 2011
ཀྱེ་མ་ཧོ། །
སངས་རྒྱས་གཞན་དུ་བཟུང་བའི་འཁྲུལ་ཚབས་ཀྱིས། །
ཆོས་ཀྱི་དགོངས་དོན་མ་རྟོགས་བདུད་དུ་གོལ། །
འཇིག་རྟེན་སྣང་ཚུལ་བདེན་དང་རྟག་འཛིན་མཁན། །
སྡིག་འདུན་དེ་དག་སྲིད་ན་དབེན་གྱུར་ཅིག །
སྐྱོ་ཤས་ཆུང་བས་དད་གུས་རིམ་གྱིས་ཡལ། །
ངེས་འབྱུང་མེད་པས་འཁོར་བར་རྟག་ཏུ་ཞེན། །
སྙིང་བརྩེ་བྲལ་བས་བྱང་སེམས་རྩ་བ་རུལ། །
གསང་སྔགས་ཚོང་ལས་དེ་ཚོ་ཞེ་རེ་ཁྲེལ། །
མཆོད་འོས་བསླུ་ཚེ་ཡ་ཐོད་འཛུམ་གྱིས་གང་། །
དམ་པ་བསྐུར་འདེབས་འགྲོ་ལ་གཡོ་སྒྱུ་མཁན། །
བོད་དོན་ཁ་ལ་ཁྱེར་བའི་སྤྱི་འཐུས་དང་། །
སྤྱི་རྒྱུ་དཀོར་གཉེར་ཅན་ཚོ་གང་དུ་སོང་། །
བླ་མ་ཟེར་ནས་ཚོང་དཔོན་མགོ་སྟོང་དང་ །
གྲྭ་བ་ཟེར་ནས་ཁུ་ཚུལ་སྐྱལ་སྡང་མཁན། །
བོད་དོན་ཟེར་ནས་རི་བོང་སྐྱལ་སྒྲོག་པ། །
ཆོས་པའི་བླ་བཙོང་འདི་སྙིང་རེ་རྗེ། །
རྔ་བའི་རྔ་མའི་ཞབས་ཀྱི་ཁ་གྲགས་འདི། །
སྐྱ་སེར་ལས་ཀྱི་སྒྲུབ་པ་གོ་ལོག་ནས། །
ཆབ་སྲིད་ཆོས་ལ་གཡོག་པའི་ཁ་འབོད་འདི། །
ཁ་སྨྲས་ཉེས་པ་སྟོང་གི་དོ་ཟླ་མིན། །
ཁ་བའི་ལས་དབང་སད་ཀྱི་ཁྱེར་བ་ལ། །
རང་བྱས་ལས་ཀྱི་རྣམ་སྨིན་འབྱུང་བ་ལ། །
མཆོག་གསུམ་ཆོས་སྐྱོང་སྲུང་མ་སྐུལ་བ་དང་། །
ལྷ་བརྒྱ་ཀླུ་སྟོང་མཆོད་ཀྱང་སྐྱོབས་པར་དཀའ། །
ལས་ངན་ལྕགས་སྒྲོག་སོ་ཡིས་ཆོད་པ་མིན། །
མཚོན་ཆའི་གཡུལ་ངོ་ཁ་ཡིས་སེལ་ཐབས་དཀའ། །
ཞི་བདེ་རང་དབང་འདོད་པའི་གང་ཟག་དག །
ཐབས་མཁས་རིག་པ་གྲིམས་ཤིག་ཨི་ཐི་རྒྱ། །
སྤོབས་པ་མཐའ་ཡས་ལ་ཅི་དྲན་དུ་ཤྲྰིས་སོ། །
Subscribe to:
Post Comments (Atom)
0 comments:
Post a Comment