དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 2 June 2011
༄༅།།སྤྲུལ་སྐུ་རྫུན་མ་དག་བརྗོད་དགོས་པའི་རྒྱུ་མཚན་ནི།
ཤ་རུས་གཅིག་པུའི་གངས་རི་ལྗོངས་ཀྱི་སྤུན་ཟླ་རྣམ་པ་དང་།
གྲོགས་པོ་རྒྱལ་ཁབ་ཕྱི་ནང་དུ་འཁོད་པའི་བོད་རིགས་ཀུན་ལ་མི་ཆུང་ང་ཡི་རེ་བ་ནི།
ང་ཚོ་ཚང་མ་འགྲོ་བ་མི་རུ་སྐྱེས་པ་རྣམས་པ་གཞན་ལས་ལྷག་པའི་རྣམ་དཔྱོད་ཅིག་ཡོད་རེད།
དེ་སྨྲ་ཤེས་ཤིང་དོན་གོ་བ་དེ་རེད་ཡ། ཁྱད་པར་དུ་གངས་རིའི་ལྗོངས་སུ་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཞིག་ཡིན་ནས་བཟུང་།
ནང་པ་སངས་རྒྱས་པའི་ཆོས་ ཀྱི་རྗེས་སུ་འབྲང་པ་ཤ་སྟག་རེད། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དང་ཤེས་ཡོན་དེ་ཇེ་ཟབ་བྱ་དགོས་པ་དང་། ང་ཚོ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་།དར་སྤེལ་གཏོང་དགོས་རྒྱུ་དེ་སྤྱི་དོན་རེད་། ང་ཚོ་བོད་མི་ཀུན་ལ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་བུ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་མ་ཚད་རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མ་རེད། ད་ལྟ་སྤྱི་ཚོགས་འཕེལ་རྒྱས་བྱུང་པའི་བརྒྱུད་རིམ་ཁྲོད་དུ་བསམ་བློ་གཏོང་ན་རང་རེའི་མེས་པོ་རྣམས་ཀྱིས་ཀྱང་བླ་ན་མེད་པའི་ལྷག་བསམ་དང་དཔལ་ཡོན་གྱི་རིག་གནས་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པ་རེད། ང་ཚོ་བོད་རིགས་ཞིག་ཡིན་ནས་བཟུང་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གཙོ་འཛིན་བྱེད་དགོས་པ་དེ་ང་ཚོ་ཚང་མས་ལས་འགན་རེད། བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་རང་ཆོས་དང་རང་གི་རིག་གཞུང་བདག་ཏུ་བཟུང་ནུས་པ་ཞིག་ཀུན་གྱི་དམིགས་ཡུལ་རེད་དོ། དེས་ན་ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་དང་ནང་ཆོས་ཁག་ལ་ལེགས་པོ་སྦྱངས་ཏེ། ཤེས་ན་ང་ཚོ་སྐྱ་སེར་ཀུན་ལ་ལ་དགེ་སྡིག་གི་ཁྱད་ཆེན་པོ་མེད་པ་ཤེས་སླ་བོ་རེད། གཙོ་བོ་ང་རང་ཚོས་སློབ་སྦྱོང་གི་གོ་སྐབས་འདི་དག་དོན་མེད་ཆུད་ཟས་སུ་གཏོང་མི་བར་རྒྱུན་དུ་བརྩོན་རྒྱུ་དེ་གལ་ཆེན་པོ་རེད། ཁྱད་པར་དུ་ཤེས་ཡོན་ཅུང་ཡོད་ཀྱང་ཆང་བཟི་དང་ཨ་རག་སྤྱོད། དུ་བ་ཐ་མག་དང་ཐ་ནག སྨད་ཚོང་དང་།ཤོ་སྦག དབྱིན་ཇི་དང་རྒྱ་རྩེད་ཀྱི་རིགས་སོགས་མ་རབས་ཐ་ཆད་ཀྱི་རིགས་ནི་ང་ཚོ་བོད་པའི་རིགས་གཞུང་མ་ཡིན་ལ། དམ་པའི་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་སྤང་བྱ་ཞིག་ཡིན། དངོས་དོན་ནི་འབྲོག་ཕྲུག་ཚོ་ཡང་ཕ་མས་སློབ་གྲྭ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།ང་རང་ཡང་ཆུང་དུས་ནོར་ལུག་རྗེས་སུ་འབྲང་བས་སྐད་རིགས་གཞན་ལ་ཟོག་ལུག་བཞིན་ཆག་པ་དེ་རེད།གཙོ་བོ་ད་སྐབས་བླ་མ་དམ་པ་ཀུན་གྱིས་བོད་མི་རིགས་རང་ཉིད་ཀྱི་ཆོས་དང་མི་རིགས་སྲོལ་གོམས་གཤིས་འཛིན་ཐུབ་པ་ཞིག་བསྐྱེད་བསྲིང་བྱེད་དགོས། ཞེས་ཡོད་པ་རེད།
ཁྱད་པར་སྤྲུལ་སྐུའི་ཐད་ལ་རྒྱུ་མཚན་དགུ་ཡོད་དང་པོ་བོད་ནང་ལ་མཚོན་ན།

ཀུན་གཟིགས་པཎ་ཆེན་བཅུ་བ་༧ ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེས་དམིགས་བསལ་གྱི་མི་རིགས་སློབ་གྲྭ་ཆེན་ཆེན་མོར་སྤྲུལ་སྐུའི་སློབ་གྲྭ་ཞིག་གཙུགས་པ་དེ་རུ་ཡང་དགོན་ཁག་སོ་སོའི་བླ་གྲྭ་དག་སློབ་གྲྭར་མི་འགྲོ་བ་དང་།

༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དུ་དམིགས་བསལ་དུ་སྤྲུལ་སྐུའི་འཛིན་གྲྭ་ཞེས་གཙུགས་པ་ཡོད་ཀྱང་དེ་ན་མི་འདུག་པར་རྒྱ་ནང་རྒྱུ་རེ་ཆེད་དུ་འགྲོ་བ་དང་།

༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་བཀའ་སློབ་དང་སློབ་གྲྭ་དང་གྲྭ་ས་གང་ཇི་སྙེད་གཅིག་ཡོད་པ་དེ་དག་གང་ཡང་འགྲིམས་མི་དགོས་པར།
བཤད་སྒྲུབ་གང་ཡང་མི་དགོས་པ་དག་གིས་ང་ཡི་བུ་འདི་སྤྲུལ་སྐུ་བཟོ་ཞེས་རྒྱ་བལ་དུ་སྲོལ་ངན་ཆགས་ཡོད་པ་མངོན་གསལ་རེད།

ཨ་ཕའི་རྒྱུ་ངོ་དང་། ཨ་མའི་ཉེ་ངོ་། བུ་རང་གི་མཛེས་ངོ་ལ་བལྟས་ནས། བཤད་གྲྭ་དང་སློབ་གྲྭར་སློབ་སྦྱོང་མེད་པའི་མཁན་པོ་དང་དགེ་བཤེས། བརྟག་དཔྱད་མེད་པའི་རྒྱུ་ཡི་སྤྲུལ་པ་འདི་ཚོ་མཐའ་གཅིག་ཏུ་ང་ཡི་དགག་རྒྱུ་ཡིན། གལ་སྲིད་འདི་ཚོ་སྤྲུལ་སྤྲུ་ཡིན་ན་ཁ་ཆེ་བའི་ཚོང་དཔོན་ཆེན་པོ་འདི་ཚོ་ད་ལྟ་ བོད་ཀྱི་སྤྲུལ་སྐུ་རེད་ཟེར་ན་ཅི་ཟེར་ལན་གཅིག་གནང་དང་།

མི་རིགས་རང་གི་ཆ་ལུགས་བསྒྱུར་བ་ནི་ཞྭ་དང་ཟས་འདྲ་མིན་ཟ་བ་དང་་གོས་འདྲ་མིན་གྱོན་པ་བོད་མི་དམངས་ཀྱི་ ཁྱད་ཆོས་དང་ཐོབ་ཐང་ལ་མི་བསམ་མཁན་ཚོ་དང་།

ང་ཚོ་བོད་མི་རིགས་བོད་ཡིག་འདི་ནི་ལོ་རྒྱུས་རིང་མོ་ཡོད་པའི་སྐད་ཡིག་ཅིག་ཡིན་པ་དང་། བོད་ཀྱི་རིག་གནས་འདི་ཉིད་དུས་སྔ་མོ་ཞིག་ནས་དར་རྒྱས་ཤིན་ཏུ་ཆེ་བ་དང་། མཁས་གྲུབ་ཇི་སྙེད་བྱོན་པའི་རྣམ་ཐར་དང་ལོ་རྒྱུས་སོགས་གཟིགས་དང་གསལ་བོ་ཧ་གོ་མོད། ཡིན་ན་ཡང་སེམས་ཕམ་པ་ཞིག་ལ་ད་ལྟ་འདི་འདྲའི་བྱ་བྱེད་དང་རྗེས་སུ་ལུས་འདུག

ད་དུང་བོད་སྐད་དང་བོད་ཡིག་ཚིག་བཞི་ཞིག་འབྲི་མ་ཤེས་པ་དག་གི་དབྱིན་ཇི་དེབ་བརྫིག་པོ་དང་།
ལེགས་པོ་བླ་ཆེན་པོ་མིང་དང་སྦྱིན་བདག་རྩ་ཆེན་གྱི་མིང་གིས་བརྒྱན་པ་འདི་ཚོ་དངོས་ནས་བོད་རང་གི་དོན་ལ་བསམ་བློ་གཏོང་ན་ཞབས་འདྲེན་ཡིན་པས་ང་རང་ཚོ་ངོ་ཚ་དགོས་པ་ཞིག་རེད།
ད་ལྟ་བོད་ཡིག་གི་ཡིག་གཟུགས་འདྲ་མིན་དང་ཁྱད་པར་ཧི་གཟུགས་སོགས་ཆ་རྐྱེན་ལེགས་འཛོམས་སྐབས་ང་རང་ཚོས་བོད་ཡིག་ཡག་པོ་ སྦྱོངས་དགོས། བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོག་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་ཡོད་རེད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་གཏན་ནས་མ་རེད། འདི་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་ཏེ།

ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོས།
བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ད་ལྟ་བོད་ན་རྫོང་དང་གྲོང་ཁྱེར་ཆེ་ཆུང་སྣ་ཚོགས་པར་གནས་པའི་ཕ་མ་ཐམས་ཅད་བོད་རིགས་གཤའ་མ་ཡིན་ངེས་ཀྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་ གནས་ཚུལ་འཚབ་པོ་ཆེ་ཞིག་འོང་གིན་འདུག དེ་ཚོ་ཕལ་ཆེ་བས་བོད་ཀྱི་གཤིས་ཀའང་དོར་ཚར་འདུག་པས་ཧ་ཅང་བློ་ཕམ་པའི་གནས་ཤིག་རེད། དེར་མ་ཟད་བོད་རིགས་ལས་བྱེད་པ་སོགས་བོད་ཀྱི་ཆེན་པོ་རློམ་པ་ཚོས་ཀྱང་བོད་སྐད་དག་མ་ཞིག་ཤོད་ཐུབ་ཀྱིན་མི་འདུག་སྟེ་གཏམ་གྱི་ལྔ་ཆ་གཅིག་གམ་གཉིས་ཙམ་ཞིག་རྒྱ་ སྐད་ཡིན། རྒྱ་སྐད་མི་ཤེས་མཁན་གྱིས་ད་ལྟ་བོད་ན་གཏམ་མགོ་མཇུག་ཚང་བ་ཞིག་མཉན་རྒྱུ་ཧ་ཅང་རྙེད་དཀའ་མོ་རེད། དེའི་རྒྱུ་མཚན་ཡང་ཕལ་མོ་ཆེ་ཞིག་དོན་མེད་ལད་མོ་ཁོ་ན་དང༌། ཉུང་ཤོས་ཤིག་ནི་དེང་དུས་གསར་དུ་བྱུང་བའི་འཕྲུལ་ཆས་སོགས་དངོས་པོ་མང་པོ་ཞིག་ ལ་བོད་ཀྱི་སྐད་ཐོག་ནས་མིང་ལེགས་པོ་ཞིག་ད་དུང་ཆགས་མི་འདུག་པས་གཞན་དག་གིས་ བཏགས་པའི་མིང་རྣམས་གཡར་དགོས་བྱུང་ཡོད་པ་རེད། དེའི་རྩ་བ་བོད་རང་གི་སྐད་ཡིག་ལ་རྩིས་ཆེན་མ་བྱས་པས་ལན་གྱིས་བོད་སྐད་ཀྱིས་དེ་ དག་ལ་མིང་གདགས་མི་ནུས་པ་གཏན་ནས་མ་རེད། དེས་ན་འདི་རིགས་ལ་བོད་གཅིག་འགྱུར་གྱི་མིང་ཞིག་གདགས་རྒྱུ་གལ་ཆེ་སྟེ་བོད་ཀྱི་ ཕལ་སྐད་ཤེས་པ་གཞིར་བཞག་ཞིག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི་བོད་ཀྱི་ བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་འདུག་པའི་ ཕྱིར་རོ།། ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་ནང་གི་ བརྡ་མཚོན་རྟགས་ཤད་ཅེས་པ་དེ་བསྲེས་ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་འདུག རྒྱ་ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་སུང་རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད།
བོད་ཀྱི་ཡི་གེ་ལ་མི་འཁྲུག་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་སྙེད་ཅིག་ཡོད་པས་གཅོད་མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ། སྤྱིར་མི་རིགས་གཞན་གྱི་ལེགས་ཆ་ལེན་པ་ཡོན་ཏན་ཡིན་ཡང་དགོས་མེད་ཀྱི་ལད་མོ་དེ་ཚོ་བསྐྱུར་ན་སྙམ་སྟེ་འདི་འདྲའི་རིགས་རྒྱ་འབྱམས་སུ་སོང་ན་དགེ་མཚན་དུ་ཅི་ཡང་མི་འགྱུར་རོ།། དེ་ན་སྡིག་པའི་ཕྲུ་གུ་མའི་གཤེད་དུ་སོང་བ་ལྟ་བུ་མ་ཡིན་པར་མཁས་པ་སྔ་མ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་གཞིར་བཞག་གི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་དག་ཐེར་ དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་དང༌། ཅི་ནུས་ཀྱི་བོད་ཆོལ་ཁ་གསུམ་གྱི་ཡིག་སྐད་གཅིག་འགྱུར་བྱ་རྒྱུ་སོགས་ནི་གལ་ཆེ་ བའི་ལས་ཀ་ཡིན་ནོ།།

ཀུན་གཟིགས་པཎ་ཆེན་བཅུ་བ་ཆོས་ཀྱི་རྒྱ་མཚན་རིན་པོ་ཆེའི་ཞལ་ནས།
མི་ལ་གདོང་མཆོང་ངར་ཤུགས་དགོས་ལ།
དཀའ་སྤྱོད་འབད་བརྩོན་བྱེད་དགོས།
རང་ལ་ཡིད་ཆེས་ཀྱང་དགོས།
དེང་སྐབས་ང་ཚོར་དཀོན་པ་ ནི་རང་ལ་ཡིད་ཆེས་མི་བྱེད་པ་འདི་ཡིན་ནོ། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ། མི་རིགས་ལས་བྱེད་པར་མི་རིགས་རང་ལ་བརྩེ་དུང་ངེས་བར་དུ་ཡོད་དགོས། རང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང༌། རང་གི་མི་རིགས་ཀྱི་དོན་དུ་བྱ་བ་ལེགས་པོ་བསྒྲུབ་དགོས། དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པས་ཅི་བྱེད། ཅེས་དང༌། བོད་ཀྱི་རིག་པ་ཟེར་པ་འདི་ལ་རྨང་གཞི་དགོས་པ་ཡིན། རྨང་གཞི་དེ་གང་ཡིན་ཞེ་ན། བོད་ཀྱི་ཆོས་ལུགས་དང་བོད་ཀྱི་རིག་གནས་ཟེར་པ་འདི་གཉིས་ཡིན། དེ་གཉིས་ལ་ང་ཚོས་ད་བར་མཐོང་ཆུང་བྱས་པ་ལས། མཐོང་ཆེན་ཞིག་གཏན་ནས་བྱས་ཡོད་པ་མ་རེད།ཅེས་གསུངས༌། སློབ་མ་བསྡུ་པ་དང་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་གཙོ་བོར་འཛིན་དགོས། ཅེས་དང༌། བོད་ཡིན་ན་བོད་ཡིག་སློབ་དགོས། ལ་ལས་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ། བོད་མི་རིགས་ཞིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད། ཅེས་དང༌། མི་རིགས་ཀྱི་ལ་རྒྱ་ཞེས་པ་ཧ་གོ་དགོས། དེ་ནི་ཁ་མཆུ་འཁོན་འཛིངས་འཐབ་རྩོད་ཆགས་སྡང་གི་ལ་རྒྱ་ལྟ་བུ་ཞིག་གཏན་ནས་མ་ཡིན་ པར་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ཤིང༌། སྐད་དང་ཡི་གེ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་རང་སྐྱོང་རང་བདག་གི་ལ་ རྒྱ་དང་རང་ཚིགས་ཡོད་དགོས་པར་གསུངས༌། ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་ དགོས་པ་རེད། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད། བོད་ལ་བོད་ཡིག་གཙོ་བོ་ཡིན་པ་ནི་དངོས་སུ་གསལ་སྨོས་མ་དགོས་པ་ཞིག་རེད། ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགལ་བ་མ་རེད་དམ། ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ། བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད།
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༤ ༡༠

0 comments:

ཟིན་བྲིས་འཚོལ་ཡུལ