དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 1 November 2011
༄༅། །ཨེ་མ་ཧོའི་རྒྱལ་སྤྱིའི་རིག་མཛོད་ཀྱི་བསྟོད་སྨོན། །
ཨོཾ་ཨྰཿཧྰུྃ་ཧྲྰི། །
རིག་མཛོད་གསུང་རབ་བཀའ་བསྟན་སྒྱུ་འཕྲུལ་དཔར། །
གསར་བཞེངས་དགེ་ལེགས་བྱེ་བའི་རིན་ཆེན་གཏེར། །
བློ་གྲོས་ཏིང་འཛིན་རྒྱ་མཚོའི་མིག་འབྱེད་པའི། །
བཤད་སྒྲུབ་ཕྲིན་ལས་གཏེར་མཛོད་ཨེ་མ་ཧོ། །
འདིས་མཚོན་དུས་གསུམ་བགྱིས་པའི་དགེ་ཚོགས་ཀུན། །
དྲི་མེད་ལྷག་བསམ་བཟང་པོས་གཅིག་བསྡོམས་ཏེ། །
མ་གྱུར་འགྲོ་བའི་དོན་དུ་ཡོངས་བསྔོས་ན། །
བསྟན་འགྲོར་ཕན་བདེ་མ་ལུས་ལྷུན་འགྲུབ་ཤོག །
འབྲེལ་ཐོག་མཐུན་རྐྱེན་སྒྲུབ་པའི་སྦྱིན་བདག་རྣམས། །
གནས་སྐབས་ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །
མཐར་ཐུག་སྒྲིབ་བྱང་ཚོགས་གཉིས་མྱུར་རྫོགས་ཏེ། །
བླ་མེད་སྨིན་གྲོལ་དམ་པའི་དཔལ་ཐོབ་ཤོག །
ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་ཡོན་གྱི། །
ཕྲིན་ལས་རབ་འབྱམས་སྤྲུལ་པའི་བླ་མ་དང་། །
བསྟན་འཛིན་དམ་པ་གང་ན་སུ་བཞུགས་རྣམས། །
སྐུ་ཚེ་རབ་བརྟན་ཆོས་འཆད་རྟག་གནས་ཤོག །
འཛམ་གླིང་གོ་ལ་ཡངས་པའི་རྒྱལ་ཁམས་སུ། །
ལོ་ཕྱུགས་རྟག་ལེགས་ཆར་ཆུ་དུས་སུ་བབས། །
ནད་མུག་དམག་འཁྲུག་རྩོད་པ་ཀུན་ཞི་ནས། །
རྫོགས་ལྡན་དང་པོའི་དཔལ་ལ་སྤྱོད་གྱུར་ཅིག །
འཇིག་རྟེན་ཡ་རབ་ལྷ་མིའི་དཔལ་ཡོན་འཕེལ། །
མྱང་འདས་ཉན་རང་ཐར་པའི་གོ་འཕང་བརྙེས། །
བྱང་ཆུབ་སེམས་ཀྱི་ཟབ་རྒྱས་མངོན་གྱུར་ནས། །
འགྲོ་ཀུན་སངས་རྒྱས་ཡེ་ཤེས་མྱུར་ཐོབ་ཤོག །
ཅེས་རབ་རྒྱན་ལྕགས་ཡོས་ཟླ་ཚེས་དགེ་བར་༧བོན་བླ་རོང་ལེ་དང་མཁན་པོ་འོད་གསལ་གྱིས་ཞལ་ སྤར་ལས་བསྐུལ་བ་ལྟར་ཨེ་མ་ཧོའི་རྒྱལ་སྤྱིའི་རིག་མཛོད་ཁང་ངམ་དཔེ་མཛོད་ཁང་གི་བསྟོད་སྨོན་དུ་མཁན་ཆེན་བླ་མ་འམ་དཔལ་དགྱེས་པ་རྡོ་རྗེས་བསྟོད་སྨོན་འདི་ཉིད་བུདྡྷ་ཛྙྰ་ནའི་ཆོས་གྲལ་ནས་སུག་ལས་སུ་བགྱིས་པ་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ