དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 8 November 2011

ཨེ་མ་ཧོའི་གླུ་དབྱངས། །
ཨེ་མ་ཧོ།
དལ་བརྒྱད་འབྱོར་བཅུ་ལྡན་པའི། །
མི་ལུས་རིན་ཆེན་འདི་ལ། །
སྙིང་པོ་དམ་ཆོས་འགྲུབ་པས། །
འདི་ཕྱིར་རང་སེམས་བདེ་སོང་། །
ཨེ་མ་ཧོ།
ཆུང་ནས་རབ་ཏུ་བྱུང་ཞིང་། །
ཆེ་ནས་གསང་སྔགས་བརྟུལ་ཞུགས། །
ཆེ་ཆུང་ཐེག་པའི་གོ་རིམ། །
མ་ནོར་རྒྱུད་ལ་འབྱོར་སོང་། །
ཨེ་མ་ཧོ། །
ཆོས་དང་འཇིག་རྟེན་བྱ་བཞག །
གང་བསམ་ལྷུན་གྱིས་གྲུབ་ནས། །
ཉིན་མཚན་དགའ་བདེའི་སྣང་བ། །
ནམ་ཡང་ཉམས་པ་མི་འདུག །
ཨེ་མ་ཧོ།
ལས་དབང་རྟེན་འབྲེལ་བསླུ་མེད། །
བདེ་ཆེན་དབང་གི་ལྷ་མོ། །
རང་རིག་ཁབ་ཏུ་སོན་པས། །
མི་ཚེའི་བསམ་དོན་འགྲུབ་སོང་། །
ཨེ་མ་ཧོ།
ངེས་འབྱུང་ཐར་བའི་ཁང་བཟང་། །
བྱང་སེམས་ཡིད་བཞིན་ནོར་བུ། །
གསང་ཆེན་བདེ་ཆེན་ལོངས་སྤྱོད། །
ཡང་གསང་རིག་འཛིན་རྒྱལ་ལོ། །
ཞེས་པ་འདི་ནི་རྟེན་འབྲེལ་ཐབས་ཤེས་རང་འགྲིག་གི་སྣང་བ་འཆར་བ་ལ་ཅི་དྲན་དུ་དཔལ་དགྱེས་པ་རྡོ་རྗེས་གླུ་རུ་བླངས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ