དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 16 November 2011
༄༅༎ །བླ་མའི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།
ན་མོ་གུ་རུ་བྷྱཿ
བརྒྱུད་གསུམ་བླ་མའི་བྱིན་རླབས་ཀུན། །དད་གུས་མོས་པའི་མཐུ་ཡིན་ཕྱིར། །
མི་ཕྱེད་སྒོ་གསུམ་ཆིག་སྒྲིལ་གྱིས། །བླ་མའི་རྣལ་འབྱོར་འདི་ལ་འབད། །
ན་མོཿ
རང་རིག་སྐུ་གསུམ་ངོ་བོ་ཉིད། །བླ་མར་ཤེས་པས་སྐྱབས་སུ་མཆི། །
སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་། །འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་དོ། །
ཨཱཿ
མ་བཅོས་རིག་སྟོང་ཀུན་བཟང་ལས། །བསམ་བརྗོད་བྲལ་བའི་སྙིང་རྗེའི་ངང་། །
ངེས་དོན་པདྨ་རྒྱལ་པོ་ཉིད། །ཏིང་འཛིན་རྣམ་གསུམ་ལྡན་པས་སྒོམ། །
མདུན་མཁར་འཇའ་སྤྲིན་དྲ་བའི་དབུས། །རྒྱལ་བ་ཀུན་འདུས་བླ་མ་ཉིད། །
ཨོ་རྒྱན་རྗེ་དང་དབྱེར་མེད་ངང་། །མོས་གུས་དད་པས་ལྷམ་མེར་གསལ། །
ལྟ་སྒོམ་མོས་པས་མཇལ་ཕྱག་འཚལ། །སྣང་སྲིད་མཆོད་པའི་ཕྱག་རྒྱ་འབུལ། །
སྡིག་ལྟུང་འདུས་མར་བྱས་པར་བཤགས། །ཚོགས་གཉིས་དགེ་ལ་རྗེས་ཡི་རངས། །
ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་ཀུན་མྱ་ངན་མི་འདར་བཞུགས། །
དགེ་ཚོགས་སྨིན་གྲོལ་ཐོབ་ཕྱིར་བསྔོ། །འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །
ཅེས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། ཅི་ནུས་བསགས།
ཨོཾ་ཛྙྰ་ན་གུ་རུ་བཛྲ་སིདྡྷི་ཧཱུྂཿ ཞེས་ཅི་ནུས་དང་།
གསོལ་འདེབས་ནི།
ཨེ་མ་ཧོཿ
ཡེ་ནས་མངོན་པར་བྱང་ཆུབ་པའི། །རྒྱལ་དབང་པདྨ་ཀ་ར་དང་། །
གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །
ལྷ་སྲས་རྒྱལ་བུའི་རྣམ་རོལ་པ། །པདྨ་དྲག་སྔགས་གླིང་པ་དང་། །
རྣལ་འབྱོར་འོད་ཟེར་མཐའ་ཡས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །
དཀོན་མཆོག་ཀུན་འདུས་བླ་མ་ལ། ། གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །
བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ། ། གནས་ལུགས་རྟོགས་པར་ཐུགས་རྗེས་བཟུང་། །
བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་རིམ་དང་ཅིག་ཆར་བྱུང་། །
རང་གི་གནས་གསུམ་ཐིམ་པའི་མོད། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །
ལམ་བཞིར་སྒོམ་པའི་སྣོད་གྱུར་ནས། །སྐུ་བཞིའི་དངོས་གྲུབ་ཐོབ་པར་གྱུར། །
མཐར་ནི་བླ་མ་རང་ལ་ཐིམ། །དབྱེར་མེད་ངང་དུ་བྱིན་རླབས་ནས། །
ཅིར་སྣང་བླ་མའི་རྣམ་རོལ་ཤར། །ཤར་གྲོལ་དམིགས་མེད་ངང་དུ་བཞག །
དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་མགོན་བླ་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །དེའི་ས་ལ་འགོད་པར་ཤོག །
ཅེས་མི་ཕྱེད་དད་པས་སྨོན་འདུན་དམ་བཅའ་གསོལ་བ་འདེབས་པ་དང་མཐུན་འགྱུར་གནང་བར་བསམ་པ་བྱའོ། ། ཞེས་པ་འདིའང་སྐྱེན་པོ་དགོན་གྱི་དབུ་མཛོད་འཇམ་དབྱངས་བློ་གྲོས་དང་རྟོགས་ལྡན་གངས་སྐྱབས་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་སློབ་ཚོགས་ཀུན་གྱིས་དད་གུས་ཆེན་པོས་བསྐུལ་བས་བླ་མའི་ཐུགས་རྗེས་སྐྱོངས་བའི་སློབ་འབངས་ཐ་ཤལ་པ་ཤྲྰི་ཨ་ནནྟ་བཛྲས་རབ་རྒྱན་ལྕགས་ཡོས་ལྷ་བབས་དུས་ཆེན་ཉིན་མོས་གུས་དད་པའི་སྣང་བའམ་རིག་རྩལ་བདེ་བའི་འཆར་ཆ་བཞིན་དུ་ཝལ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཉེ་འགྲམ་ཀུན་བཟང་ཆོས་གླིང་གི་དབེན་ཁྲོད་ནས་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ། ། དགེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ