དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 2 November 2011
༄༅། །བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པའི་འབོད་སྐུལ་བྱས། །
ཚང་མ་ལ་བཀྲ་ཤིས་བདེ་ལེགས། 
དེ་རིང་འདིར་ཕེབས་པའི་འཛམ་གླིང་གི་སྐད་ཡིག་ཞིབ་འཇུག་པ་དང་ཚན་རིག་པའི་ཤེས་ཡོན་ཅན་ཁྱེད་རྣམས་མཇལ་བས་དགའ་སྤྲོ་རབ་ཏུ་བརྟས། ངའི་མིང་ལ་མཁན་ཆེན་བླ་མ་རིན་པོ་ཆེ་ཡིན། ང་བོད་པ་ཡིན། བོད་སྐད་དང་། བོད་ཡིག་འབྲི་ཤེས་པའི་ནང་ཆོས་སྨྲ་བའི་དགེ་རྒན་ཞིག་ཡིན། ཁྱེད་རྣམ་པ་སྐད་རིགས་འདྲ་མིན་སྨྲ་བའི་མི་རིགས་རྣམ་དང་རྒྱལ་སྤྱི་སྐད་ཡིག་ཆེན་པོ་དབྱིན་སྐད་སྟེང་ནས་བསམ་དཔྱོད་ཀྱི་བགྲོ་གླེང་གནང་བར་དགའ་བསུའི་དུང་ལེན་ཡོད། མི་རིགས་ཞིག་ཡུན་རིང་གནས་ཡོད་མེད་དང་། མི་རིགས་དེ་ལ་རང་དབང་ཡོད་མེད་ཅེས་པ་སྐད་ཡིག་དང་ཆོས་ལུགས་ལ་སྤྱོད་པའི་རང་དབང་ཡོད་མེད་རེད། དེས་ན་ཚང་མས་ཤེས་གསལ་ལྟར་ང་ཡི་ཕ་ཡུལ་བོད་ལ་དཔེ་མཚོན་ན་སྐད་ཡིག་ལ་ཉམས་ཆག་མང་རབས་ཤིག་འགྲོ་དང་འགྲོ་བཞིན་པ་དེ་རེད། སྐད་ཡིག་དེ་བརྟེན་པའི་བཅུ་ཕྲག་རིག་པའི་གནས་དང་། ཆོས་ལུགས་དང་སྐད་ཡིག་གི་བདག་པོའི་མི་རིགས་དེ་ལ་རང་དབང་གིས་བདག་རྒྱབ་པའི་དབང་ཆ་མེད་པས། ཆོས་དཔལ་རིག་གཞུང་ལ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཚེ་སྲོག་སྐད་ཡིག་བརླགས་ཚར་བ་རེད། དཔེར་ན། རྒྱ་ནག་དང་བོད་གཉིས། ཡུལ་དང་སྐད་དང་ཆོས་དང་རིག་གཞུང་། ཐ་ན་ཟས་གོས་གནས་ཁང་གི་བཟོ་སྟངས། མི་རིགས་དང་བཅས་པ་ཁ་ཁ་སོ་སོར་རེད། དེ་འདྲ་ཡིན་དུས། དུས་རབས་གསར་བ་དང་མི་རབས་རྗེས་མ་ལ་བོད་ཀྱི་སྐད་ཡིག་འདི་གནས་ཐུབ་པའི་ཐབས་ཤེས་སུ་ཁྱེད་རྒྱལ་སྤྱིའི་ཤེས་ཡོན་ཅན་གྱི་གྲོགས་པོ་ཡོངས་དང་། དམིགས་བསལ་གྱིས་རྒྱ་ནག་གཞུང་དང་རྒྱའི་གྲོགས་པོ་ཚོ་ལ་འཕྲིན་ལན་དུ་བོད་ཀྱི་སྐད་ཡིག་རིག་གཞུང་ལ་རང་དབང་དང་ལ་རྒྱ་གནང་རོགས་ཞེས་འབོད་བསྐུལ་ཞུ་བ་ལགས་སོ། ། དཔེར་ན་དབྱིན་ཡུལ་ཝ་ཡེལ་རྒྱལ་ཁབ་འདི་བཞིན་དུ་སྐད་གཉིས་སྨྲ་བ་ལ་རང་དབང་དང་། ཁྱད་པར་དུ་ང་ཚོ་འདིར་གནས་ཚང་མས་ཝལ་ཡེལ་གྱི་སྐད་ཡིག་ཚང་མས་ཤེས་དགོས་པ་ནང་བཞིན་དུ་བོད་རིགས་རྒྱ་ཞབས་སུ་ཡོད་པ་ཚང་མས་བོད་སྐད་ཡིག་བེད་སྤྱོད་ཆོག་པའི་རང་དབང་དགོས།
ཞོར་དུ་ཁྱེད་རྣམ་པར་དྭོགས་དྲི་ཅི་ཡོད་གསུངས་དང་དངོས་ལན་འཐེབ་ངེས་ཞུ་ཆོག་ལགས། །
ཁྱེད་རྣམ་པ་ཚང་མ་ལ་དཀོན་མཆོག་གསུམ་གྱིས་བྱིན་རླབས་དང་།
གསན་བསམ་གནང་བར་བཀའ་དྲིན་ཆེ་ཞུ། །

0 comments:

ཟིན་བྲིས་འཚོལ་ཡུལ