དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 7 January 2012
ང་ཡིས་ཁྱོད་ལ་བཞག་པའི་བརྩེ་དུང་དང་དད་གུས། །
ན་མོ་གུ་རུ་དྷེ་ཝ་ཌྰཀྐི་ནི་ཡེ། །
མཚུངས་མེད་སྙིང་གི་གྲོགས་མོ་བདེ་གཡང་ལགས། ། བརྩེ་དུང་མཆོག་གསུམ་གཙུག་ཏུ་བཀུར་བྱས་ནས། བརྩེ་དུང་སྐྱབས་སུ་བཟུང་བ་ཁྱེད་ལ་དད། ། བརྩེ་དུང་མཐུ་སྟོབས་ནུས་པ་བསྟན་དུ་གསོལ། །བརྩེ་དུང་རྨོངས་དད་བྱས་པ་གཏན་ནས་མིན། ། བརྩེ་དུང་དག་སྣང་དཀར་པོའི་ཞིང་ཁམས་ནས། ། བརྩེ་དུང་བདེ་ཆེན་དབང་མོའི་ལོ་རྒྱུས་ལ།  །བརྩེ་དུང་ཚེ་སྲོག་སྙིང་གི་དྭངས་མར་སེམས། །བརྩེ་དུང་སྐུ་གཟུགས་རབ་མཛེས་མཚན་དཔེའི་སྐུ། ། བརྩེ་དུང་སྙན་ངག་ལེགས་བཤད་ཚངས་དབྱངས་གསུང་། ། བརྩེ་དུང་བདེན་དྲང་བྱམས་པའི་ཟབ་རྒྱས་ཐུགས། ། བརྩེ་དུང་གསང་གསུམ་དམ་ཚིག་གཅིག་ཏུ་གྱུར། །བརྩེ་དུང་ཤི་གསོན་ཁྱད་མེད་རྒྱུན་དུ་ལྡན། །བརྩེ་དུང་དབུལ་ཕྱུག་ཐོབ་ཀྱིས་ཁྱེར་བ་མེད། །བརྩེ་དུང་དགེ་ལེགས་བྱེ་བའི་འབྱུང་གནས་དེ། །བརྩེ་དུང་གལ་ཆེན་ནོར་བུ་རིན་ཆེན་རྙེད། །བརྩེ་དུང་སྙིང་གི་དམ་ཚིག་བླ་མ་རྗེ། །བརྩེ་དུང་སྲོག་གི་བརྟེན་མཁར་ཡི་དམ་ལྷ། །བརྩེ་དུང་སེམས་ཀྱི་འཁྲི་ཤིང་མཁའ་འགྲོ་མ། ། བརྩེ་དུང་དྲན་ཤེས་བག་ཡོད་ཆོས་སྐྱོང་ལགས། །བརྩེ་དུང་མི་རིགས་ཞིག་གི་ལ་རྒྱ་ཡིན། །བརྩེ་དུང་དཔའ་བོ་བདག་གི་གློ་སྙིང་ཡིན། །བརྩེ་དུང་མཁས་གྲུབ་བྱེ་བའི་སྙིང་ནོར་ཡིན། ། བརྩེ་དུང་རྒྱལ་ཀུན་དགྱེས་པའི་ལམ་བཟང་ཡིན། །བརྩེ་དུང་སྦྱིན་པའི་གཏེར་མཛོད་ཆེན་པོ་ཡིན། །བརྩེ་དུང་ཚུལ་ཁྲིམས་བག་ཡོད་ར་བ་ཡིན། །བརྩེ་དུང་བཟོད་པའི་ཕ་རོལ་ཕྱིན་པ་ཡིན། །བརྩེ་དུང་བརྩོན་འགྲུས་སྤྲིན་གྱི་རྒྱ་མཚོ་ཡིན། །བརྩེ་དུང་བྱམས་སེམས་ཏིང་འཛིན་རྒྱལ་པོ་ཡིན། །བརྩེ་དུང་མཁྱེན་རབ་ངེས་ཤེས་སྒྲོན་མེ་ཡིན། ། བརྩེ་དུང་ཐབས་མཆོག་སྙིང་རྗེ་དྲི་མེད་ཡིན། །བརྩེ་དུང་མཐུ་སྟོབས་ཕྱག་རྒྱ་ཆེན་པོ་ཡིན། །བརྩེ་དུང་ཀུན་བཟང་སྨོན་ལམ་མཆོད་སྤྲིན་ཡིན། ། བརྩེ་དུང་སངས་རྒྱས་ཡེ་ཤེས་མཐར་ཕྱིན་ཡིན། ། བརྩེ་དུང་འདི་ཕྱི་བར་དོའི་སྐྱབས་གནས་ཡིན། ། བརྩེ་དུང་ཆོས་དཔལ་ཀུན་གྱི་རྩ་བ་ལགས། །བརྩེ་དུང་ཡོད་ཚད་རིག་དང་ཞབས་སུ་ལྡན། །བརྩེ་དུང་ཕན་ཡོན་ནམ་མཁའི་མཐའ་དང་མཉམ། །བརྩེ་དུང་སྙིང་སྲོག་དམ་ཚིག་མཆོག་ལ་བཅོལ། །བརྩེ་དུང་འབྲེལ་མེད་བྱུང་ཆུབ་སྙིང་པོའི་བར། །མི་འབྲལ་བདེ་ཆེན་དབང་མོར་རྟག་འགྲོག་ཤོག །ཅེས་པ་འང་ཤྲྰིས་བདེ་ཆེན་དབང་མོ་དྲན་བཞིན་ཤར་མར་བྲིས་པས་རིག་མ་དགྱེས་པའི་བརྩེ་དུང་དུ་སྨོན་ནོ། །

0 comments:

ཟིན་བྲིས་འཚོལ་ཡུལ