དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 12 January 2012
༄༅། །བརྡ་གླུ་མེ་གསོད་འཕྲུལ་ཆར་ཞེས་བྱ་བ། །
དཔྱིད་ཀའི་སྔོ་ལྗང་གཡུ་རྩེ། །ཡར་སྐྱེ་ནང་གི་འགོ་མ། །ཆུ་ཁའི་ལུ་གུ་མེ་ཏོག །རིའི་མྱེས་རླུང་དམར་ཐུལ་ན། །རྩི་ཤིང་སྨིན་པ་ཆོས་ཉིད། །
དབྱར་ཀའི་ཙན་དན་ལོ་མ། །དྲི་བཟང་ལྷན་སྐྱེས་ཐོག་མ། །རྩི་ཤིང་སྐྱེད་ཚལ་མེ་ཏོག། །ཚ་བསྲེག་ཉི་མ་གཡོར་ན། །དགའ་ཚལ་རྒྱས་པ་ཆོས་ཉིད། །
སྟོན་ཀའི་འབྲུ་དྲུག་སྙེ་མ། །སད་དང་སེར་བས་མ་བཅོམ། །འབྲུ་རིགས་ཞིང་ལས་སྨིན་ཏོག །རྔོ་བསྲེག་མེ་ལས་དབེན་ན། །ས་བོན་འབྱུང་བ་ཆོས་ཉིད། །
དགུན་ཀའི་གངས་ལྗོངས་ལས་དབང་། །དབྱངས་གསལ་སྲོལ་རྒྱུན་རིང་མོའི། །ཁ་བའི་འདབ་ཀྱི་མེ་ཏོག །དམར་མཆོད་མེ་ལས་ཐར་ན། །བདེ་སྐྱིད་འབྱུང་བ་ཆོས་ཉིད། །
བསོད་ནམས་རླུང་རྟ་དཀར་པོ། །དམར་པོ་མེ་ལ་མ་བསྲེག །ནག་པོ་རྩ་ལག་བཅས་པའི། །དགའ་སྟོན་ལས་ངན་སྤོངས་ན། །ཆོས་སྲིད་བསྟན་པ་ཟིན་ཡོང་། །
ཕ་ཆོས་གནམ་ལྕགས་རལ་གྲི། །རང་གི་མགོ་ལ་རྒྱབ་ཅིང་། །རང་ལུས་ཐལ་བ་བསྲེག་ནས། །ཆུ་རླུང་ལས་ལ་སྦྱར་ན། །རང་ཆོས་མི་ཟིན་ཆོས་ཉིད། །
བརྡ་གླུ་གོ་བདེ་མ་འདི་བསིལ་ལྗོངས་ཡུལ་ལ་ཕན་པའི་དོན་འབྲས་སུ་ཤྲྰིས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ