དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 23 January 2012
ཨོྃ་ཨྰཿཧྰུྃ་ཧྲྰིཿ
བཀྲ་ཤིས་གང་ཞིག་ཕུན་ཚོགས་སྡེ་བཞིའི་གཏེར། །
བདེ་ལེགས་རིན་ཆེན་མི་ཟད་མཁའ་དང་མཉམ། །
སྣང་སྲིད་རྣམ་དག་རང་བཞིན་ཞིང་ཁམས་སུ། །
ཉིན་མཚན་རྟག་ཏུ་བདེ་སྐྱིད་ལྡན་གྱུར་ཅིག །

ས་ཆུ་མེ་རླུང་འབྱུང་དགྲ་ངང་གིས་ཞི། །
ལོ་ཕྱུགས་རྟག་ལེགས་ཆར་ཆུ་དུས་སུ་སྨིན། །
བསྟན་དང་འགྲོ་བར་ཕན་བདེའི་རང་དབང་འབྱོར། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །

ཆུ་འབྲུག་ཀླུ་རྒྱལ་འདོད་རྒུའི་དཔལ་ལ་སྤྱོད། །
རྒྱ་སྟག་ཁྲ་མོ་དཔའ་རྒོད་གཡུལ་ལས་རྒྱལ། །
བྱ་རྒྱལ་ཁྱུང་ཆེན་ཐོགས་མེད་མཁའ་དབྱིངས་རྒྱུ། །
གངས་སེང་རྒྱལ་པོ་གངས་ཅན་རྒྱན་དུ་ཤོག །

རྒྱ་མོ་ཡེ་ཤེས་ཆོས་སྒྲོན་གྱིས་བསྐུལ་ངོ་མ་གཏོང་ཙམ་དུ་ཤྲྰིས་གུས་པས་སྨོན་པའོ། །

0 comments:

ཟིན་བྲིས་འཚོལ་ཡུལ