དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 13 January 2012
༄༅། །རྨི་ལམ་བཟང་ངན་གྱི་ཆོ་འཕྲུལ། །
ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ །
མཚན་ནག་མུན་པ་འཁྲིགས་པའི་སྤྲིན་རྡུལ་ཀློང་ནས། །
མདོག་ནག་ཤན་པ་ནག་པོའི་གྲིབ་གཟུགས་ཅན། །
གཤིན་དམག་བདུད་བགེགས་སྲིན་པོ་ཤ་གཟན་རིགས། །
གསོན་བསྲེག་མི་ཤ་ཁྲག་རུས་དྲི་ངན་ཐུལ། །
ལན་ཆགས་འཁོར་བའི་བདུད་དམག་བྱུང་བ་རྨིས། །

སྐར་ལྔའི་ཁྲག་དར་ལྷ་སའི་གླིང་ནས་གཡོས། །
སྙིགས་ལྔའི་མུན་ནག་གནམ་སྟོང་སྨག་སྤྲིན་ལས། །
ཁམས་སྟོད་ཡུལ་དུ་གངས་ཐན་བུ་ཡུག་འཚུབ། །
འབྲོག་བདག་རྒན་གཞོན་བྱིས་པ་གསོན་དཀའ་ཞིང་། །
རྟ་ནོར་ར་ལུག་མུག་གེས་ཤི་བ་རྨིས། །

ཤར་ཕྱོགས་དམག་འཁྲུག་ཞི་བདེ་གསོད་ལ་བྲེལ། །
ནུབ་ཕྱོགས་འབྱུང་རྒུད་ནམ་ཟླ་དགྲ་རུ་ལང་། །
བྱང་ཕྱོགས་ནང་འཁྲུག་མེ་ཆུ་གློག་རྡུལ་རྡོལ། །
ལྷོ་ཕྱོགས་ཀླ་ཀློ་ཁ་ཆེས་རོ་ཁང་བརྩེགས། །    
ཤ་རུས་ཁྲག་དམར་རི་ལུང་གང་བར་རྨིས། །

དེའི་སྐབས་སྡུག་བསྔལ་སྙིང་ནད་འཕེལ་བའི་ཚེ། །
བླ་མ་ཨོ་རྒྱན་རྗེ་ལ་གསོལ་འདེབས་བྱས། །    
ཡི་དམ་རྡོ་རྗེ་གཞོན་ནུའི་བསྐྱེད་རིམ་སྒོམ། །
མཁའ་འགྲོ་སེངྒེའི་གདོང་ཅན་ཕྱག་རྒྱར་བརྟེན། །
ཆོས་སྐྱོང་གེ་སར་ཐུགས་དམ་བསྐུལ་བར་རྨིས། །

བླ་མའི་བྱིན་རླབས་རིགས་བདག་རང་ངོ་ཤེས། །
ཡི་དམ་དངོས་གྲུབ་མཆོག་ཐུན་ཡོན་ཏན་ཐོབ། །
མཁའ་འགྲོ་དགྱེས་པས་བདེ་ཆེན་ཡེ་ཤེས་སྟེར། །
ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །
བསྟན་འགྲོར་ཕན་བདེ་ལྷུན་འགྲུབ་འབྱུང་བར་རྨིས། །

ཞེས་པ་རབ་རྒྱན་ལྕགས་ཡོས་མགོ་ཟླའི་ཚེས་དགུ་ཉིན་ཨེ་ཝྃ་ཆོས་ཁང་ནས་འཆར་ཆ་རྨི་ལམ་དེ་ལས་གཉིད་སད་དོ། སྐྱོ་གདུང་དང་དགའ་སྤྲོ་ཡ་མ་ཟུང་གི་སྣང་བར་ཤར། གང་ལྟར་ལོ་གཅིག་གི་འབྱུང་འགྱུར་ཆགས་འཇིག་གི་གཞི་རིམ་ཙམ་དུ་ཤྲྰིས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ