དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 28 February 2012
༄༅། །ཨེ་ཝྃ་པདྨ་ཀ་རའི་ཆོས་ཚོགས། །



                                          ཨེ་ཝྃ་པདྨ་ཀ་རའི་མདོ་སྔགས་ཆོས། །

ལུང་རྟོགས་བཤད་སྒྲུབ་དམ་པས་འཛིན་སྐྱོང་སྤེལ། །

རྒྱལ་ཁམས་ཞི་བདེ་ཡང་གསང་གདམས་པའི་མཛོད། །

འཇིན་རྟེན་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །


དེ་ཡང་བདག་གི་རྨི་ལམ་གྱི་སྣང་བ་མངོན་དུ་གྱུར་ནས་འབྲུག་རྗེ་བློ་ལྡན་དགེ་འདུན་ཆོས་འཕེལ་མཆོག་གིས་ལྷག་བསམ་དང་འབད་བརྩོན་ལ་བརྟེན་ནས་ཤར་ཕྱོགས་འབྲུག་ཡུལ་དང་ཐེ་ལན་རྒྱལ་ཁབ་དག་ཏུ་ཐབས་ཤེས་སྣ་ཚོགས་ཀྱིས་འགྲོ་བ་སྤྱི་དང་དད་ལྡན་སྐྱེ་བོ་ཡོངས་ལ་ཕན་བདེའི་ཆེད་དུ་འཇིག་རྟེན་ལྷ་མིའི་ཐེག་པ་ནས་བཟུང་ཡ་ཀི་རྫོགས་པ་ཆེན་པོའི་བར་གྱི་ལྟ་སྒོམ་སྤྱོད་འབྲས་ལ་སློབ་སྦྱོང་དང་ཉམས་ལེན་ཆོག་པའི་ཆོས་ཚོགས་ཤིག་གསར་དུ་དབུ་འགྱེད་གནང་རྒྱུ་འདི་ནི་དོན་སྙིང་ལྡན་པའི་མཛད་ཕྲིན་ནོ། ཨེ་ཝྃ་པདྨ་ཀ་རའི་ཆོས་ཚོགས་འདི་ནི་འགྲོ་ཁམས་རྒྱུད་ཀྱི་ཐབས་སྙིང་རྗེ་དང་ཤེས་རབ་ཡོན་ཏན་འཕེལ་བའི་ཐབས་གྲོགས་སུ་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་རྙིང་མའི་གྲུབ་མཐའ་གཞིར་བཞག་ནས་རྒྱལ་ཕྱི་ནང་གི་ཆོས་ལུགས་ཚང་མས་ཟུར་རྒྱན། ཚན་རིག་དང་དྲན་རིག་སྨྲ་བའི་གཞུང་དང་མཐུན་པར། འགྲོ་ཁམས་དབང་པོ་ཀུན་ལ་ཕན་བདེའི་ཐབས་སུ་སྒྲུབ་པ།  རྒྱལ་ཁམས་ཡོངས་ལ་ལོ་ལེགས་དང་། ཞི་བདེའི་འཚོ་བའི་ཆེད་དུ་སངས་རྒྱས་བསྟན་པའི་མདོ་སྔགས་ཀྱི་སྐོར་ལ་བཤད་སྒྲུབ་ཕྲིན་ལས་སྤེལ་བའི་ཐབས་ཤེས་དང་། གསོ་སྦྱོང་དང་དགེ་སྒྲུབ་སྡིག་སྤོང་གི་ལམ་ལ་ཡང་དག་བསླབ་པ་བྱ་བ་དང་། རབ་རྒྱན་ཆུ་འབྲུག་ལོ་སར་ཚེས་བཅུ་ཉིན་དགེ་འདུན་འདུས་ཚོགས་ཀྱིས་རབ་གནས་སྨོན་ལམ་ཤིས་བརྗོད་ཀྱི་ཆོ་ག་གཟབ་རྒྱས་གནང་པ་དང་།མང་ཚོགས་ནས་གཟབ་སྤྲོས་མཆོད་པ་ཕུལ་ནས་དམ་པའི་ཆོས་དང་། ཤེས་རིག་གི་བསྟན་པ་དར་ནས་འགྲོ་བ་རྣམས་ཞི་བདེའི་དཔལ་ལ་སྤྱོད་པའི་རྟེན་འབྲེལ་སྨོན་ལམ་ཞུའོ། །
ཨེ་མ་ཧོ། །

ཨེ་ཝྃ་པདྨ་ཀ་རའི་བརྒྱུད་འཛིན་གྱི། །

གསང་ཆེན་བཤད་སྒྲུབ་ཆོས་ལ་འཛིན་སྐྱོང་སྤེལ། །

དགེ་འདུན་ཡང་དག་དར་སྤེལ་རབ་རྒྱས་ནས། །

ཞི་བདེའི་ཏིང་འཛིན་འབད་མེད་འཁྲུངས་གྱུར་ཅིག །

འབྲུག་རྗེ་བློ་ལྡན་དགེ་འདུན་ཆོས་འཕེལ་གྱིས་གསུང་བསྐུལ་བཞིན་མཁན་ཆེན་བླ་མའམ་ཤྲྰི་ཨ་ནནྟ་བཛྲས་གུས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ