དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 8 March 2012
མཁན་ཆེན་བླ་མ་རིན་པོ་ཆེ་ལ་སྤྲིངས་ཡིག་མེ་ཏོག་དཀར་པོ། །
མཁྱེན་དཔྱོད་ཀྱི་ལྷ་ལམ་རབ་ཏུ་ཡངས་བའི་སྔ་འགྱུར་རིག་པ་འཛིན་པའི་གཙུག་རྒྱན། རྒྱུད་ལུང་མན་ངག་རྒྱ་མཚོའི་གཏེར་མཛོད། ནུབ་ཕྱོགས་མཐའ་ཁོབ་ཡུལ་གྱི་མ་རིག་མུན་པ་སེལ་བའི་སྒྲོན་མེ། གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེ་མཆོག་གི་ཞབས་དྲུང་དུ་ཞུ་གསོལ།
རེད་ལགས་གུས་པ་མདོ་མེད་རྒྱལ་ཁམས་པ་ནམ་མཁའ་སྨྱོན་པ་ཡིན་ལགས། གུས་པ་ནི་ཕྱི་ན་ཐོས་པའི་རྒྱ་དང་ནང་ན་རྟོག་པའི་ཡོན་ཏན་གང་མེད་པའི་བླ་མིང་འཛིན་པ་ཞིག་ཡིན་པ་ཀུན་ཀྱིས་ཐུན་མོང་གི་མཁྱེན་གསལ་ལྟར་ལགས། ཡིན་ནའང་ད་ལྟའི་སྐབས་སུ་རང་ནུས་གང་ཐུབ་ཀྱི་ངང་ནས་རྒྱལ་བསྟན་ལ་ལྷག་བསམ་ངང་ཞབས་ཞུ་བྱེད་ཁུལ་དུ་ཡོད་ལགས།
དེ་དང་འབྲེལ་མཆོག་ཉིད་ཀྱིས་མཁན་པོ་བློ་ཚུལ་རྒྱུད་གུས་པ་ལ་ཞབས་རྟེན་གནང་ཡ་དེ་སྟོང་གསུམ་རིན་ཆེན་དང་བོའི་གང་ཀྱང་བཀའ་དྲིན་ལ་གཞལ་ཐུབ་མེད་པ་ཡིན་པས་སྒོ་གསུམ་གུས་པས་ངང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལགས།
སྤྱིར་གུས་པ་ལ་བླ་མ་འདྲ་མིན་གྱིས་གསུངས་གནང་བའི་ཞབས་བརྟན་མང་བོ་ཡོད་ཀྱང་མཆོག་ཉིད་ཀྱིས་གསུང་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལགས། མ་ཚད་སྔོན་ནས་མཆོག་ཉིད་ཀྱིས་གསུང་མང་པོ་ཞིག་དྲ་ཐོག་ནས་མཇལ་བྱུང་བས་ངོ་མ་ཡིད་སྨོན་ཤོར་སོང་ལགས། མ་ཚད་གུས་པ་ལ་ཡང་བཀའ་གྱོན་འདྲ་ཡང་འདུག་པའི་དེ་ལ་རྟེན་ནས་རང་སྐྱོན་ངོས་འཛིན་ཡང་མང་པོ་བྱུང་ལགས།
མཁན་ཆེན་དམ་པ་ལགས་གུས་པས་མཆོག་ཉིད་ཀྱིས་གང་གསུང་ཡ་དེ་གུས་པས་སྒྲུབ་ཡོད་ལགས། མཆོག་ཉིད་ལ་གུས་པས་རྗེས་སུ་ཡི་རང་དང་བཅས་གུས་པ་ཆེན་པོ་ཡོད་ལགས། དེ་དང་འབྲེལ་གུས་པ་ནི་མཆོག་ཉིད་ཀྱིས་ཆོས་རྒྱུད་གཅིག་པ་དང་བླ་མ་གཅིག་པ་དང་ཕ་ཡུལ་ཡང་གཅིག་པ་ཞིག་ཡིན་ལགས། མཆོག་ཉིད་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་སྨོན་ལམ་དང་ཐུགས་ཀྱིས་བཞེད་དོན་མཐའ་དག་གེག་མེད ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཡོད་ལགས།
མཁན་ཆེན་བླ་མ་རིན་པོ་ཆེ་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་བར་དུ་ཞུགས་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པས་གུས་པས་སོར་བཅུའི་ཐལ་མོ་སྙིང་ཀར་སྦྱར་ནས་གསོལ་བ་འདེབས་པ་ལགས
ཅེས་ནམ་མཁའ་རིན་པོ་ཆེ་ནས་གུས་ཕུལ།།
27 December 2011Namkha Lama
Subscribe to:
Post Comments (Atom)
0 comments:
Post a Comment