དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 23 March 2012


༄༅། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །
རྒྱ་གར་སྐད་དུ། ཨྰརྱ་ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་ནྰ་མ་མ་ཧྰ་ཡ་ན་སྰུ་ཏྲ། །



བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐབས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་སོ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུ་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟོང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ་གཞོན་ནུ་གྱུར་པ་ཉོན་ཅིག །འཛམ་བུའི་གླིང་གི་མི་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ། འཇམ་དཔལ་སེམས་ཅན་གང་དག་གི་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། །ཡི་གེར་འབྲི་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་བྱེད་དམ། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུ་འམ་། རིགས་ཀྱི་བུ་མོ་དག་ཚེ་རིང་པོར་འདོད་པས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འབྲིའམ། ཡི་གེར་འབྲི་འཇུག་གམ། ཀློག་པར་གྱུར་པ་དེ་དག་གི་ཡོན་ཏན་དང་ལེགས་པ་འགྱུར་བ་ནི་འདི་དག་གོ །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གངྒྰའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་གི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེ་འབྲིར་འཇུག་ན། དེའི་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེ་འབྲིའམ། ཡི་གེ་འབྲིར་འཇུག་ན། དེ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་ཏེ། གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་གཅུག་པ་དང་། རབ་ཏུ་གནས་པར་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེའི་མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེི་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་། གནོད་སྦྱིན་དང་། སྲིན་པོས་གླགས་བཙལ་ཡང་གླགས་མི་རྙེད་པར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང་། སོམ་ཉི་དང་། ཡིད་གཉིས་མ་བྱེད་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེ་དེ་བཞིན་གཤེགས་པ་འོད་དཔག་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འབྲི་བའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང་། རི་དྭགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་བའམ་། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་ལུས་སུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་པ་ན་གཅིག་སྦྱིན་པ་བྱིན་ན། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་འགྱུར་བ་དེས། དམ་པའི་ཆོས་མཐའ་དག་མཆོད་པ་བྱས་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། །གསེར་ཐུབ་དང་། །འོད་སྲུངས་དང་ཤྰཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །འདི་ལྟ་སྟེ། དཔེར་ན། རིན་པོ་ཆེའི་ཕུང་པོ་རིའི་རྒྱལ་པོ་རི་རབ་ཙམ་སྤུངས་ཏེ། །སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བའི་ཐིག་པ་རེ་རེ་ནས་བགྲང་བར་ནུས་ཀྱ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲི་འམ། །ཡི་གེར་འབྲིར་འཇུག་གམ། བསྟི་སྟང་དུ་བྱས་ཏེ། མཆོད་པར་བྱེད་པ་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་། མཆོད་པར་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བརྩན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཤེས་རབ་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷྰ་ཡ། ཏདྱ་ཐྰ། ཨོཾ་པུཎྱེ་པུཎྱེ་མ་ཧྰ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙྰ་ན་སམྦྷྰ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷྰ་ཝ་བི་ཤུདྡྷེ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས་། འཇམ་དཔལ་གཞོན་ནུ་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་པཎཌི་ཏ་པུཎྱ་སམྦྷྰ་ཝ་དང་། །ལོ་ཙྰ་བ་པ་ཚབ་ཉི་མ་གྲགས་པས་བསྒྱུར་བའོ།། །།བྱ་རྒྱུད་ཚེ་དཔག་མེད་ལྷ་དགུའི་སྙིང་པོ་ནི། ཨོཾ་ན་མོ་བྷྲྰུྃ་ཨྰ་ཡུརྫྙྰ་ན་ཧྲྰིཿ ཨྰརོ་ལིཀ་ཧྰུྃ་ཧྲྰིཿ ཡང་སྙིང་གི་སྔགས། ཨོཾ་ཏདྱ་ཐྰ། ཨ་པ་རི་མི་ཏྰ་ཨྰ་ཡུརྫྙྰ་ན་ཧྲྰིཿཧྰུྃ་བྷྲྰུྃ་སྭྰ་ཧྰ། དཔའ་བོ་གཅིག་གྲུབ་རྒྱུད་ནས་གསུང་པའི་ཚེ་སྙིང་། ཨོཾ་ཨ་མྰ་ར་ཎི་ཛྰི་བིནྟ་ཡེ་སྭྰ་ཧྰ། བྱ་རྒྱུད་ཚེ་གཟུངས་ཨོཾ་གཉིས་མ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་ར་མི་ཏ་ཨྰ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རྰ་ཛྰ་ཡ། ཏ་ཐྰ་ག་ཏྰ་ཡ། ཨརྷ་ཏེ་སམྱཀྶཾབུདྡྷ་ཡ། ཏདྱ་ཐྰ། ཨོཾ་སརྦ་སཾ་སྐྰ་ར་པ་རི་ཤུདྡྷ་དྷརྨྰ་ཏེ་ག་ག་ན་ས་མུངྒ་ཏེ་སྭྰ་བྷྰ་ཝ་བི་ཤུདྡྷ་མ་ཧྰ་ན་ཡ་པ་རི་ཝྰ་རེ་སྭྰ་ཧྰ། །གྲུབ་རྒྱལ་ཚེ་སྒྲུབ་གསོལ་འདེབས་སྔགས། །ཨོཾ་བཛྲ་ཨྰ་ཡུ་ཥེ། ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧྰུྃ། །འཆི་མེད་རང་གཟུངས་། ན་མོ་བུདྡྷྰ་ཡ། ན་མོ་དྷརྨྰ་ཡ། ན་མཿསངྒྷྰ་ཡ། ཏདྱ་ཐྰ། ཨིཊཊེ། བཊཊེ། ནཊཊེ། ཀུ་ནཊཊེ། ཊཀྐེ། ཐཀྐེ། ཐ་རཀྐ། ཨུ་རུ་མི་ཏི། རུ་རུ་མ་ཏི། །རུ་རུ་ཧིལླི་མིལླི། སབྦ་ཛྙྰ། དུ་པ་གྒ། ན་མཿསབྦ། སམྨ་ས་མུ་ཛྙྰ་ནི། སི་ཛྙྰནྟུམ་མནྟྲ་པྰ་དྰཿ སྭྰ་ཧྰ། ཚེ་རྟ་ཟུང་འབྲེལ་གྱི་སྙིང་པོ། ཨོཾ་ཨྰཿཧྰུྃ་ཧྲྰིཿཧྲྰིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙྰ་ན་ཨྰ་ཡུཿསིདྡྷི་ཛཿ དཀོན་མཆོག་སྤྱི་འདུས་ལས་གུ་རུའི་ཚེ་བསྙེན། ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨྰ་ཡུ་ཥེ་ཧྰུྃ་ནྲྀ་ཛཿ ལས་རབ་གཏེར་མ་ལས་ཚེ་འོད་ཟུང་དུ་འཇུག་པའི་བསྙེན་པ། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧྰུྃ་ཧྲྰིཿ ཞེས་པ་ཚེ་མདོ་དང་ཚེ་གཟུངས་ཚེ་བསྙེན་འདི་དག་ཕྱོགས་བསྡུས་ཤིག སྤྱི་ལོ་༢༠༡༠ ༧ ༦ ལ་མགོན་པོ་གང་གི་འཁྲུངས་སྐར་ལ་དམིགས་ནས་དཔལ་དགྱེས་པས་ཡིག་རྙིང་དག་ལས་བཏུས་ནས་བསྒྲིགས་པས་རྒྱལ་མཆོག་གང་གི་དབུ་བྱས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམ་པའི་སྐུ་ཚེ་བརྟན་པ་དང་འགྲོ་བ་སེམས་ཅན་ཀུན་པོ་དོན་ལྡན་གྱི་ཚེ་སྲོག་ལ་གནས་སྐབས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་དང་མཐར་ཐུག་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ། །།

0 comments:

ཟིན་བྲིས་འཚོལ་ཡུལ