དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 31 March 2012
རྩ་གསུམ་ཆོས་སྐྱོང་གི་ཐུགས་དམ་རྒྱུད་སྐུལ། །
དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་གསུམ་དང་། །
ཕྱོགས་དུས་རྒྱལ་ཀུན་སྲས་བཅས་བདག་ལ་དགོངས། །
བརྩེ་སྙིང་དུང་གི་ཡིད་བཞིན་ནོར་བུ་ཉིད། །
ཐུགས་དགྱེས་དཔལ་ཡོན་ནམ་མཁའ་མཛོད་དུ་སྨོན། །
བླ་མ་ཨོ་རྒྱན་ཆེན་པོས་བྱིན་རླབས་སྩོལ། །
ཡི་དམ་ཐུགས་རྗེ་ཆེན་པོས་དངོས་གྲུབ་གནང་། །
མཁའ་འགྲོ་རྗེ་བཙུན་སྒྲོལ་མས་བར་ཆད་སེལ། །
ཆོས་སྐྱོང་གེ་སར་རྒྱལ་པོས་སྲུང་སྐྱོབས་མཛོད། །
མདོར་ན་བདག་ལ་འགོ་བའི་ལྷ་སྲུང་རིགས། །
ཐུགས་དམ་མ་གཡེལ་བདག་གི་གྲོགས་ལ་དགོངས། །
བསྟན་སྲིད་ཆོས་རིག་བདག་མོ་བདེ་གཡང་དཔལ། །
གསང་གསུམ་ཡིད་བཞིན་ནོར་བུའི་རྒྱན་དུ་ཤོག །
ཅེས་པ་འདི་ཡང་ཐོལ་བྱུང་དུ་ཤྲྰིས་སྨོན་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment