དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 21 March 2012

༄༅། །བར་ཆད་ལམ་སེལ་ཞིག །

ཨེ་མ་ཧོ༔


ཕྱི་ལྟར་གནས་མཆོག་ཟངས་མདོག་དཔལ་རི་ནས། །སྐྱབས་གཅིག་བླ་མ་པདྨ་འབྱུང་། ། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱི་ཡི་བར་ཆད་འབྱུང་བཞིའི་གཡོ་འཁྲུག་བཟློག ། ཕུང་པོ་འོད་ལུས་གྲོལ་བར་བྱིན་གྱིས་རློབས། །ནང་ལྟར་སྙིང་དབུས་ཟངས་མདོག་དཔལ་རི་ནས། ། འོད་ལྔའི་རང་མདངས་བླ་མ་པདྨ་འབྱུང་། །རིག་པ་ཚད་ཕེབས་ངང་ནས་གསོལ་བ་འདེབས། ། ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ། །འཁྲུལ་རྟོག་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། ། གསང་བ་ཀ་དག་ཟངས་མདོག་དཔལ་རི་ནས། །ལྷུན་གྲུབ་འགགས་མེད་བླ་མ་པདྨ་འབྱུང་། ། གདོད་ནས་འཕོ་འགྱུར་བྲལ་བས་གསོལ་བ་འདེབས། །གསང་བའི་བར་ཆད་སེམས་དང་སེམས་བྱུང་གྲོལ། ། ཆོས་ཟད་དགོངས་པ་རྟོགས་པར་བྱིན་གྱིས་རློབས། ། ཨོཾ་ཛྙྰ་ན་གུ་རུ་བཛྲ་སིདྡྷི་ཧྰུཾ། ཤྲྰིས་སོ། ། །



A Dispeling Obstacles from the Path Prayer by Khenchen Lama Rinpoche

E MA HO



Outwardly, from the supreme abode of the Glorious Copper-Colored Mountain,

The sole refuge is Guru Padmasambhava.

I supplicate intensely with unbearably powerful yearning:

Avert outer obstacles, the disturbances of the four elements,

And grant your blessings that I may be liberated into a body of light.



Inwardly, from the Glorious Copper-Colored Mountain in the heart’s center,

The self-radiance of the five lights is Guru Padmasambhava.

I supplicate from within the full measure of intrinsic awareness:

Clear away inner obstacles, the suffering of the mind,

And grant your blessings that confused thoughts may be liberated into the Dharmakaya.



From the secret Copper-Colored Mountain of primordial purity,

Unceasing spontaneous accomplishment is Guru Padmasambhava.

I supplicate with timeless freedom from transition and change:

Liberate secret obstacles, the mind and mental factors,

And grant your blessings that I may realize the vision of the falling away of phenomena.



OM JÑĀNA GURU VAJRA SIDDHI HŪNG

By Shri [Khenchen Lama Pelgyepa Dorje Rinpoche]

Translated by Erick Tsiknopoulos.

0 comments:

ཟིན་བྲིས་འཚོལ་ཡུལ