དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 22 April 2012

ཐང་ཁ་དང་འབྲེལ་བའི་ལྷ་ཆོག




ཨེ་མ་ཧོཿ
ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །
ཞི་ཁྲོའི་ལྷ་ཚོགས་ལྔ་བཅུ་རྩ་དྲུག་ལ། །
ཕྱག་འཚལ་མཆོད་འབུལ་ཉམས་ཆགས་ཀུན་བཤགས་ནས། ། 
སྐུ་གསུང་ཐུགས་ཀྱི་དངོས་གྲབ་སྩལ་དུ་གསོལ། །  
ཤྲྰིས་སོ། །


ཨེ་མ་ཧོཿ
ཆེ་མཆོག་ཧེ་རུ་ཀ་དཔལ་ཡབ་ཡུབ་དང་། །
ཁྲག་འཐུང་དཔའ་བོ་དཔའ་མོ་སྤྲུལ་པའི་གར། །
ལྔ་བཅུ་རྩ་དགུ་རྒྱལ་བའི་ཐུགས་དམ་གྱིས། །
ཆོས་ཉིད་བདེན་པའི་རང་བཞིན་སྟོན་པར་མཛོད། །
ཤྲྰིས་སོ། །


ཨེ་མ་ཧོཿ
སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ། །
བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །
ཤྲྰིས་སོ། །


ཨེ་མ་ཧོཿ
མཁྱེན་བརྩེ་ནུས་པའི་བདག་ཉིད་བཅོམ་ལྡན་འདས། །
རྒྱལ་ཀུན་དབང་ཕྱུག་ཨོ་རྒྱན་རིན་པོ། །
གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །
བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །
ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །
ཤྲྰིས་སོ། །


ཨེ་མ་ཧོཿ
སྐུ་གསུམ་རྒྱལ་བའི་དགོངས་ན་མཐར་ཕྱིན་པའི། །
སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །
མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་སྩོལ་ནས། །
འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །
ཨོཾ་ཨ་མི་དྷེ་ཝ་ཧྲྰིཿ
ཤྲྰིས་སོ། །


ཨེ་མ་ཧོཿ
གསང་གསུམ་བདེ་ཆེན་རྒྱལ་བའི་ཞིང་ཁམས་སུ། །
འཇིག་རྟེན་འདྲེན་པའི་རྒྱལ་བ་ཚེ་མཐའ་ཡས། །
དུས་མིན་འཆི་བ་མ་ལུས་བསལ་མཛད་པའི། །
སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས། །
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ནས། །
ཚེ་འདིར་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །
ཨོཾ་གུ་རུ་ཨ་ཡུ་སིདྡྷི་ཧྰུྃ་ཧྲྰི། །ཨ་མ་ར་ཎི་ཛི་ཝན་ཏི་ཡེ་སྭྰ་ཧྰ། །
ཤྲྰིས་སོ། །


ཨེ་མ་ཧོཿ
ཐུགས་རྗེ་ཀུན་མཁྱེན་སངས་རྒྱས་སྨན་གྱི་བླ། །
དུག་གསུམ་ནད་སེལ་མ་ལུས་འགྲོ་བའི་མགོན། །
གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །
ཕན་བདེའི་ལེགས་ཚོགས་འབྱུང་བར་བྱིན་གྱིས་རློབས། །
ཏདྱ་ཐྰ། །ཨོཾ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ་། མ་ཧྰ་བྷེེ་ཥ་ཛྱེ། བྷེེ་ཥ་ཛྱེ་ར་ཛྰ་སྃ་མངྒ་ཏེ་སྭྰ་ཧྰ། །
ཤྲྰིས་སོ། །


ཨེ་མ་ཧོཿ
ཡེ་ཤེས་བཅོམ་ལྡན་མགོན་པོ་འཇམ་དཔལ་དབྱངས། །
དམར་སེར་རལ་གྲི་གླེགས་བམ་ཕྱག་རྒྱ་ཅན། །
མ་རིག་མུན་འཐུམས་བསལ་བའི་གཉེན་གཅིག་པུ། །
ལྷ་མཆོག་རྗེ་བཙུན་ཆེན་པོས་འགྲོ་ཀུན་སྐྱོངས། །
ཨོཾ་ཨ་ར་པ་ཙ་ན་དྷྰིཿ
ཤྲྰིས་སོ། །


ཨེ་མ་ཧོཿ
མཁྱེན་བརྩེ་ནུས་པའི་ཐུགས་རྗེ་མཚུངས་མེད་པ། །
ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོ་ཡིས། །
བདག་སོགས་གཏི་མུག་རྨོངས་པ་རབ་བསལ་ནས། །
གཟུགས་སྤོབས་བློ་གྲོས་སྣང་བ་བསྐྱེད་དུ་གསོལ། །
ཨོཾ་ཨ་ར་པ་ཙ་ན་དྷྰིཿ
ཤྲྰིས་སོ། །


ཨེ་མ་ཧོཿ
ཐུགས་བརྩེ་ཆེན་པོས་སེམས་ཅན་ཡོངས་དགོངས། །
དུས་གསུམ་རྟག་ཏུ་སྤྱན་རིས་གཟིགས་དབང་སྐུ། །
གསུང་མཆོག་རྒྱལ་པོ་གཟུངས་སྔགས་ལེགས་བཟླས་པས། །
ཐུགས་ཡིད་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཤྲྰིས་སོ། །


ཨེ་མ་ཧོཿ
དོན་གཅིག་ཆོས་ཉིད་དབྱིངས་ལས་མ་གཡོས་ཀྱང་། །
སྐུ་གཉིས་འགྲོ་བའི་དོན་དུ་ལེགས་སྣང་བས། །
ཁམས་གསུམ་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན། །
བདུད་བཞིའི་རྣམ་རྒྱལ་ལྷ་མོ་ཁྱེད་མཁྱེན་ནོ། །
སྙིགས་ལྔའི་འགྲོ་ཀུན་འདྲེན་ཕྱིར་སྐྱབས་སུ་མཆི། །
ཨོཾ་བྷྲྰུྃ་སྭྰ་ཧྰ།
ཤྲྰིས་སོ། །


ཨེ་མ་ཧོཿ
ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ཀུན་བཟང་མོ། །
ལོངས་སྤྱོད་རྫོགས་སྐུ་བཛྲ་ཝྰ་ར་ཧི། །
སྤྲུལ་སྐུ་རྗེ་བཙུན་སྒྲོལ་དཀར་ཚེ་ཡི་ལྷ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
ཨོཾ་ཏྰ་རེ་ཏུཏྟྰ་རེ་ཏུ་རེ་ཏྰྃ་ཧྲྰིཿ ཨྰཿཡུར་ཛྙྰ་ན་སརྦ་སིདྡྷི་ཧྲྰིཿབྷྲྰུྃ་ཨྰཿཎི་ཧྰུྃ་ཛ་སྭྰ་ཧྰ། །
ཤྲྰིས་སོ། །


ཨེ་མ་ཧོཿ
དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །
སྔོ་ལྗང་ཞལ་གཅིག་ཕྱག་གཉིས་ཏྰ་རེ་མ། །
ཏུཏྟྰ་རེ་ཡི་འཇིགས་པ་ཀུན་སེལ་མ། །
ཏུ་རེ་དོན་ཀུན་སྒྲུབ་མཛད་རྗེ་བཙུན་མ། །
སྭྰ་ཧྰ་སྣང་སྲིད་དག་མཉམ་དཔལ་དུ་སྩོལ། །
ཨོཾ་ཏྰ་རེ་ཏུཏྟྰ་རེ་ཏུ་རེ་སྭྰ་ཧྰ། །
ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ