དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 13 April 2012
ཨེ་ཀྱེ་ཧོའི་ཚོར་འདུ་ཞིག།
ཨེ་མ་ཧོཿ 
 

སྐྱིད་པའི་ཉི་མ་གངས་རིའི་ལྗོངས་ལ་ཤར། །
ཆོས་ཀྱི་སྒྲ་དབྱངས་འཛམ་བུ་གླིང་ཀུན་ཁྱབ། །
ཞི་བདེའི་འཚོ་གནས་ལྷ་ལྡན་རྒྱལ་ས་ན། །
ཆོས་ཀྱི་རྒྱལ་དར་བསྒྲེངས་འདི་ཨེ་མ་ཧོ། །
ཤྲྰིས་སྙིང་གི་སྨོན་ལམ་དང་རྟེན་འབྲེལ་སྙིང་པོའོ། །
ཨེ་ཀྱེ་ཧོ། །
བླ་མའི་སྐུ་ལ་མི་བདོ་གུས་ཕྱག་འཚལ། །
བླ་མའི་གསུངས་དོན་མི་བརྗེད་དབུ་མ་སྒྲུབ། །
བླ་མའི་ཐུགས་ལ་མི་འགལ་བདེན་དྲང་ཞིག །
ཡོད་ན་ངེས་པར་རང་ཆོས་ལོན་པར་ངེས། །
དེ་མིན་སྐུ་རྫས་དཀོར་ལ་ངོམ་མེད་སྤྱད། །
གསུངས་ལ་མངོན་ལྐོག་རྒྱུ་འབྲས་ཁྱད་དུ་བསད། །
ཐུགས་རྗེ་འཚེ་མེད་ལམ་ལས་འགལ་བ་ན། །
རང་ཆོས་མི་ཟིན་རང་རྒྱུད་བརླགས་པར་འགྱུར། ། 
སྙིང་ནད་པ་ཤྲྰིས་སོ།

0 comments:

ཟིན་བྲིས་འཚོལ་ཡུལ