དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 24 April 2012

འབུམ་པ་རྒྱ་ཚ་ཞལ་དཀར་དྲན་སྣང་ཀ་པ་ལའི་དབང་རྩ་དཀར་པོ། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །


ཀ་མ་ལ་ལྟར་ཝྰ་ཡེལ་མཛེས་ལྗོངས་སུ། །

ཁ་བའི་འདབ་མ་ལྷུང་ལྷུང་འབབ་པའི་ཚེ། །

ག་བུར་བཞིན་རིས་འབུམ་པ་ཞལ་དཀར་མཆོག །

ང་ཡི་སྙིང་གི་དཀྱིལ་ནས་ཤིན་ཏུ་དྲན། །

ཅ་དངོས་དཀར་པོའི་རང་བཞིན་གསལ་བ་དང་། །

ཆ་ཤས་དཀར་པོ་རིགས་ཀྱི་ལོངས་སྤྱོད་དང་། །

ཇ་ཕོར་དཀར་པོའི་མདངས་འཛིན་མཐོང་བའི་ཚེ། །

ཉ་གང་བཞིན་རིས་རྒྱ་ཚ་ཞལ་དཀར་དྲན། །

ཏ་ཐ་ག་ཏའི་བསྟན་འཛིན་གོས་དཀར་དང་། །

ཐ་དག་ཤེས་བྱའི་འོད་དཀར་སྣང་ཆའི་རིགས། །

ད་ལྟའི་དཀར་འཛིན་ཤེས་པར་སྣང་བའི་ཚེ། །

ན་གཞོན་ང་ཡིས་འབུམ་པ་ཞལ་དཀར་དྲན། །

པ་ར་མི་ཏའི་དབུ་དཀར་ལམ་བཟང་དང་། །

ཕ་མའི་རྒྱུད་སྡེའི་དཀར་པོ་ཆིག་ཐུབ་དང་། །

བཛྲ་རིག་འཛིན་དར་ལམ་དཀར་པོ་ཡི། །

མ་ཅིག་རྫོགས་ཆེན་བསྟན་པ་ཞལ་དཀར་དྲན། །

ཙ་ར་ཀ་ཡི་བདུད་རྩི་དཀར་པོ་དང་། །

ཚ་རེག་འཐོམས་པའི་ག་བུར་དཀར་པོ་དང་། །

ཛ་ཏི་དཀར་པོ་སྨན་མཆོག་དྲི་བཟང་རིགས། །

ཝ་ལེར་མཐོང་ཚེ་ཞལ་ལུ་དཀར་པོ་དྲན། །

ཞྭ་དཀར་དབུ་རྨོག་དཀར་པོའི་དར་འཁྲུ་དང་། །

ཟ་འོག་དར་དཀར་རུ་དར་དཀར་པོ་དང་། །

འ་ཅག་རིག་པའི་ཉི་ཟླ་སྐར་མའི་འོད། །

ཡ་མཚན་ལྷག་བསམ་བདེན་ཆེན་ཞལ་དཀར་དྲན། །

ར་བ་གངས་དཀར་སྤྲིན་དཀར་བླ་བྲེ་དང་། །

ལ་ལུང་ཇོ་དར་རྒྱལ་མཚན་དཀར་པོ་དང་། །

ཤ་ཞེན་དཀར་པོའི་སྤུན་ཟླ་མཇལ་བའི་ཚེ། །

ས་སྐྱོང་འབུམ་པ་རྒྱ་ཚ་ཞལ་དཀར་དྲན། །

ཧ་ཅང་དྲན་པའི་ཨ་ཕ་ཞལ་དཀར་ཁྱེད། །

ཨེ་མ་འོད་གསལ་ནང་ནས་མཇལ་བའི་ཚེ། །

རྨི་ལམ་དབང་ཕྱུག་སྙིང་པོ་མ་ཎི་ཀ །

ལག་ཏུ་སོན་པའི་སྤྲོ་དགའ་རབ་ཏུ་བརྟས། །

ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ