དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 22 July 2012

༄༅། །སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པ། །


༄༅། །སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པ། །
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །
མཆོད་དོ་སྐྱབས་སུ་མཆིའོ། །
རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རླབས་པར་མཛད་དུ་གསོལ། །
ཕྱི་རོལ་ཁྱབ་འཇུག་དབང་ཕྱུག་དང་ནི་ལྷ་ཆེན་རྨོངས་པའི་ཆགས་སྡང་གིས། །
མྱང་འདས་སྲིད་པའི་སྐྱོན་ཡོན་རྟོག་པའི་བློ་གྲོས་ལོག་པའི་ལམ་དུ་སྤྱོད། །
བསྟན་པའི་བདག་པོ་བཅོམ་ལྡན་ཁྱོད་ཀྱིས་བདེན་པའི་ལམ་བཟང་ཉིད་རྟོགས་ནས། །
རྒྱུ་འབྲས་བསླུ་མེད་འཁོར་འདས་ས་མཚམས་མ་ནོར་ལེགས་བཤད་ལེགས་པར་གསུངས། །
བདུད་དང་མུ་སྟེགས་བོན་ཏོ་ལྟ་བ་གནས་སྐབས་འདྲེན་པའི་ལམ་ཕྲན་ཞིག །
བཅོམ་ལྡན་ཁྱོད་ཀྱི་ཐེག་དགུའི་ལམ་མཆོག་མཐར་ཕྱིན་འདྲེན་པའི་ཤིང་རྟ་ཆེ། །
རྫུན་དང་གཡོ་སྒྱུའི་དྲང་དོན་མིན་པར་སེམས་རྒྱུད་འདུལ་བའི་སྟོན་པ་མཆོག །
དྲང་སྲོང་ཆེན་པོ་ཤྰཀྱ་ཐུབ་པར་མི་ཕྱེད་གུས་པས་སྐྱབས་སུ་མཆི། །
ཀུན་ལ་བྱམས་བརྩེ་ཆེན་པོ་ལྡན་པས་འགྲོ་རྣམས་མ་འདྲིས་མཛའ་བཤེས་མཆོག །
ཕན་བདེའི་འགྲོ་ཁམས་ཐར་ལམ་འདྲེན་པའི་སྟོན་པ་མཉམ་མེད་ཤྰཀྱའི་སྲས། །
ཟབ་རྒྱས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་གཏེར་དམ་པའི་གདམས་ངག་དང་། །
སྟོབས་བཅུ་ཡོན་ཏན་མི་ཟད་ཀུན་ལ་གུས་པས་འདུད་དོ་སྨིན་གྲོལ་སྩོལ། །
ཅེས་པ་རབ་རྒྱན་ཆུ་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཞི་འམ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་ཆོས་འཁོར་བསྐོར་བའི་དུས་བཟང་ལ་འཕགས་ཡུལ་ཝྰ་ཎའི་རིག་མཛོད་ཁང་ནས་གང་ཤར་དུ་ཤྲྰིས་གུས་ཕུལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ