དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 21 August 2012

༄༅། །ལྷན་འཛོམས་བསྐལ་བཟང་གི་དྲི་བ་དང་ལན།



བདེ།

སྐྱིད་ཀྱི་རྟ་བདུན་དབང་དང་།།
སྡུག་གི་འཁྱག་ཀླུང་ཆེན་མོ།།
གངས་ཅན་བོད་མིའི་ལུས་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཨེ་མ་ཧོ། །
མཐོ་སྒང་རི་མགོའི་རྩི་ཏོག །
བྱང་ཐང་ཁ་བའི་འདབ་མ། །
གངས་དཀར་བུ་མོའི་འཛུམ་མདངས། །
ལྷན་འཛོམས་བསྐལ་བཟང་འཆར་ཡོང་། །

བདེ།

རྩིས་ཀྱི་གཡང་དཀར་ལུག་དང་།།
གཞུང་གི་ལུག་རྫི་རྒན་པོ།།
མུ་མེད་ཐང་ཆེན་སྟེང་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།
ཤྲྰིཿ

བོད་ཡིག་དབྱངས་གསལ་དགའ་ཞེན།
རིགས་ཞེན་མེ་ལྕེ་དམར་པོ། །
མཛེས་སྡུག་བརྩེ་དུང་སྣུམ་པོ། །
ལྷན་འཛོམས་བསྐལ་བཟང་འཆར་ཡོང་། །

བདེ།

ཁ་བཤད་དངུལ་གྱི་རྣ་རྒྱན།།
ལག་ལེན་གསེར་གྱི་རྒྱན་གོས།།
གངས་ཕྲུག་གཞོན་ནུའི་ལུས་ལ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཞི་བདེར་སྨོན་པའི་གསོལ་འདེབས། །
བདེ་སྐྱིད་འཁྲེང་བའི་མིག་ཟུང་། །
ཕ་མ་དགའ་བའི་བྱམས་བརྩེ། །
ཤྲྰིས་སྒྲུབ་པའི་ཕྲིན་ལས། །

བདེ།

བློ་བཟང་བུ་ཆུང་ཁྱོད་དང་།།
གཤིས་བཟང་བུ་མོ་ངེད་གཉིས།།
གངས་ཅན་ཨ་མའི་པང་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཕ་མེས་བཟང་པོའི་དྲང་བདེན། །
སློབ་སྦྱོང་ཡག་པོའི་མཁྱེན་དཔྱོད། །
དམིགས་རྒྱང་རིང་བོའི་མདུན་ལམ། །
ཤྲྰི་སྨྱོན་ང་ཡི་སྙིང་སྲོག །

བདེ།

ལྷ་བྱ་ཁྲུང་ཁྲུང་དཀར་མོ།།
གཡང་བྱ་འཇོལ་མོ་གཉིས་ཀ།
མཐོ་རིས་ཨ་སྔོན་དབྱིངས་སུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཀུན་བཟང་དབྱར་གྱི་ཉི་མ། །
སྐལ་བཟང་བདེ་ཆེན་དགའ་སྟོན། །
དཔྱིད་ཀྱི་རྒྱལ་མོ་གཡང་སྒྲོན། །
རྟེན་འབྲེལ་ལྷུན་གྱིས་འགྲུབ་ཡོང་། །

བདེ།

དཔལ་ལྡན་སེང་ཆེན་མཆོག་དང་།།
རྩལ་ལྡན་གྱི་ལིང་གཉིས་ཀ།
ཕུན་ཚོགས་བྷོ་ཏྲའི་ཡུལ་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཐབས་མཆོག་རྟེན་འབྲེལ་སྨོན་ལམ། །                                              
གསང་གསུམ་རྟེན་འབྲེལ་འགྲིགས་ནས། །
ངེས་དོན་མཇལ་བའི་སྐལ་བཟང་། །
ལྷན་འཛོམས་བསྐལ་བཟང་འཆར་ཡོང་། །

བདེ།

གསལ་མཛད་བཤེས་གཉེན་མཆོག་དང་།།
སྐལ་ལྡན་སློབ་བུ་ངེད་གཉིས།།།
དབེན་གནས་གཙུག་ལག་ཁང་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ལྷན་འཛོམས་བསྐལ་བཟང་འཆར་ནས། །
བསྟན་སྲིད་ཆོས་ཀྱི་རྒྱལ་མཚན། །
མི་ནུབ་ཡུན་རིང་བརྟན་ཅིང་། །
བསྟན་འགྲོར་ཕན་བདེ་སྨོན་ནོ། །

བདེ།

ཆོས་ཀྱི་ཙན་དན་ལྗོན་དང་།།
སྲིད་པའི་ལྷ་ཤིང་ཤུག་པ།།
བསིལ་ལྡན་གངས་ཅན་ཡུལ་དུ།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

གངས་ཅན་དག་པའི་ཞིང་ནས། །                      
དམ་ཆོས་འཆད་རྩོད་རྩོམ་པས། །                                
དམ་པའི་ཕ་ཁྱིམ་དེ་རུ། །                                 
ཐབས་ཤེས་དྲི་བཟང་ཁྱབ་ངེས། །

བདེ།

ཀུན་མཁྱེན་རྟ་བདུན་དབང་དང་།།
རབ་འབྱམས་པད་ཚལ་རྫིང་གཉིས།།
གནོད་སྦྱིན་འཛམ་བུ་གླིང་ན།།
ལྷན་འཛོམས་བསྐལ་བཟང་ནམ་ཡིན།།

ཤྲྰིཿ

ཀུན་བཟང་ཐུགས་ཀྱི་བསྟན་པའི། །                            
བདེ་གཡང་པདྨ་གེ་སར། །                            
རིག་འཛིན་དགྱེས་རྡོར་ཉིད་དང་། །                       
གསང་གསུམ་ལྷན་འཛོམས་ཡོང་ངེས། །        

འདི་ནི་གླུ་དབྱངས་བཅས་གཉིས་ཀས་བསམ་ཚུལ་དངོས་བྲིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ