དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 30 August 2012
ཨེ་མ་ཧོཿ
དད་གུས་མི་ཕྱེད་འདུན་པས་སྐྱབས་སེམས་དང་། །
བླང་དོར་ཚུལ་བཞིན་མཛད་པའི་ཨ་མ་རྗེ། །
མི་ལོ་ཉེར་ལྔར་མཚམས་སྒྲུབ་ལེགས་མཛད་མ། །
མཁྱེན་བརྩེ་ནུས་པའི་ཡུམ་ཆེན་སྙིང་ནས་གུས། །
ཞེས་པ་འདི་ནམ་རྒྱུན་ཨ་མ་ཉིད་དཔར་རྒྱབ་པར་གཏན་ནས་མི་སྤྲོ་ན་ཡང་གནས་མཆོག་མཚོ་པདྨ་ནས་མཁའ་འགྲོ་བྱང་ཆུབ་ལྷ་མོས་ཨ་མའི་སྐུ་པར་དང་བདེ་ཐང་གི་འཕྲིན་ཡིག་ཅིག་ངོ་དེབ་ཏུ་གཏོང་ཤོག་གསུངས་པར་བརྟེན་ནས་བདག་གི་ལག་འཛིན་ཁ་པར་གྱིས་རྩེད་མོས་ཚུལ་དུ་རྒྱབ་པས་ཡ་མཚན་གྱི་འཇའ་གུར་དང་འོད་དཀར་དག་གསལ་ཐག་ཆོད་པ་ཞིག་དོད་འདུག་པས་མཁའ་འགྲོ་བྷོ་དྷི་དེ་ཝིའི་མཆོག་ལ་ལེགས་སྐྱེས་སུ་ཤྲྰིས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment