དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 31 August 2012
༧མཁའ་འགྲོ་བྱང་ཆུབ་ལྷ་མོའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ། །
ཨེ་མ་ཧོཿ
ཨེ་མ་ཧོཿ
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ། །
དབྱེར་མེད་བྱང་ཆུབ་ལྷ་མོར་གསོལ་བ་འདེབས། །
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག །
ཅེས་པ་འདི་རབ་རྒྱན་ཆུ་འབྲུག་གྲོ་བཞིན་ཟླ་བའི་ཉ་ཡོངས་སུ་གང་བའི་དུས་ལ་མཁའ་འགྲོ་ཉིད་ཀྱིས་བསྟན་འགྲོར་སྨན་པའི་ཐུགས་སྨོན་ཟབ་རྒྱས་གནང་བ་དང་། དག་སྣང་བདེན་པའི་དད་དམ་འགྱུར་བ་མེད་པའི་མཆེད་གྲོགས་ཀྱི་དམ་བརྩེ་དང་དྲིན་ཆེན་ཨ་མ་རྗེ་བཙུན་ཨོ་རྒྱན་སྒྲོན་མས་བཞག་པའི་དག་མཉམ་ཟབ་མོ་མཐུ་ལས་རང་སྣང་གང་ཤར་གླུ་རུ་ལེན་པའི་ཤྲྰིཿསྨྱོན་པས་གསོལ་བ་འདེབས་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment