དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 1 September 2012

བྱང་ཆུབ་མཆོད་རྟེན་ལ་རབ་གནས་རྒྱལ་ཀུན་དགྱེས་པའི་གཟི་བྱིན་གྱི་འོད་ཟེར་ཞེས་བྱ་བ། །

ཨེ་མ་ཧོ།



ངོ་མཚར་རྨད་བྱུང་བྱང་ཆུབ་མཆོད་རྟེན་འདི། །
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །
དཀྱིལ་འཁོར་ལྷ་ཚོགས་རྟེན་དང་བརྟེན་པའི་དཔལ། །
དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་རྟེན། །

ཆོས་དབྱིངས་སྐྱེ་མེད་ཆོས་སྐུ་རྒྱལ་བའི་རྟེན། །
ཆོས་ཉིད་འགྱུར་མེད་ལོངས་སྤྱོད་རྫོགས་པའི་རྟེན། །
ཆོས་རྒྱལ་མཚུངས་མེད་ངེས་དོན་སྤྲུལ་སྐུའི་རྟེན། །
ཆོད་རྟེན་དྲི་མེད་བཤད་སྒྲུབ་བསྟན་པའི་རྒྱན། །

དང་པོ་རབ་ཏུ་གནས་པར་གསོལ་བཏབས་མཐུས། །
བར་དུ་ནམ་མཁའ་མ་སྟོང་བར་གནས་ནས། །
མཐའ་ཡས་བསྐལ་བཟང་སངས་རྒྱས་ཐམས་ཅད་དང་། །
རབ་འབྱམས་ཕྱོགས་བཅུའི་ཞིང་གི་རྟེན་ཏུ་འབུལ། །

མཆོག་གསུམ་རྒྱལ་བའི་སྣང་བ་དམ་པ་ཡིས། །
ཕ་མས་གཙོ་བྱས་སེམས་ཅན་ཀུན་ཁྱབ་ཅིང་། །
ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །
རྫོགས་སངས་རྒྱས་པའི་ཞིང་མཆོག་མཐོང་ཕྱིར་འབུལ། །

མཆོད་རྟེན་ཡེ་ཤེས་འོད་ལྔའི་སྣང་བ་སྤྲོས། །
པད་ཟླའི་སྟེང་དུ་ཨོཾ་དང་ཧྲྰི་ཡིག་ལས། །
རང་བྱུང་ལྷ་མོ་རབ་མཛེས་མཆོད་རྟེན་མ། །
དར་དང་རིན་ཆེན་རྒྱན་ལྡན་བརྒྱ་རྩས་བརྒྱན། །

ཀུན་གྱི་ཕྱག་ན་མཆོད་རྟེན་རེ་རེ་བསྣམས། །
དེ་ལས་རང་འདྲའི་ལྷ་མོ་མཆོད་རྟེན་མ། །
བྱེ་བ་ཁྲག་ཁྲིག་དུང་ཕྱུར་གྲངས་མེད་འཕྲོས། །
ནམ་མཁའི་མཐར་ཐུག་སངས་རྒྱས་ཞིང་དུ་འབུལ། །

 

གསེར་གཤིས་མཛེས་ལྗོངས་ཕན་བདེའི་མདུན་ཐང་དུ། །
བཤད་སྒྲུབ་བསྟན་པའི་ཉི་མ་རབ་གསལ་ནས། །
མཐའ་ཡས་འོད་ཟེར་རྒྱལ་བའི་གཟི་བྱིན་ཉིད། །
ཕྱོགས་དུས་མུ་མཐའ་ཀུན་ཏུ་ཁྱབ་གྱུར་ཅིག །

 དེ་ལྟར་མཆོད་རྟེན་བཞེངས་པའི་བསོད་ནམས་ཀྱིས། །
དམ་པ་ཉིད་དང་སྦྱིན་བདག་ཐོག་དྲངས་པའི། །
མ་གྱུར་འགྲོ་བའི་ལས་ཉོན་བག་ཆགས་སངས། །
ཀུན་ཀྱང་ཀུན་བཟང་ཞིང་གི་དཔལ་དུ་ཤོག །

ཅེས་པ་འདི་ཡང་རང་གི་རྨི་ལམ་དང་བཀོད་འདོམས་བཞིན་དུ་དགེ་སློང་ཨ་སྐྱ་དང་རོགས་དན་པའི་ནུས་པས་རབ་རྒྱན་ཆུ་འབྲུག་གྲོ་བཞིན་ཟླ་བའི་ཉ་ལ་རྟེན་འབྲེལ་ལེགས་འགྲིགས་ཀྱིས་རྗེ་བཙུན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྣལ་འབྱོར་པ་འོད་ཟེར་མཐར་ཕྱིན་ནམ་བླ་མ་ལོ་དགའི་སྐུ་གདུང་བྱང་ཆུབ་མཆོད་རྟེན་ནི་གསེར་གཤིས་ཁོག་ཏུ་ལེགས་གྲུབ་བྱུང་བའི་ལོ་རྒྱུས་དང་འདྲ་དཔར་བཅས་འབྱོར་མ་ཐག་ཏུ་དམ་པ་ཉིད་ལ་དད་གུས་ཅན།ཚེ་རབས་དུ་མ་ལས་སྨོན་གྱི་འབྲེལ་བའི་རིག་འཛིན་པདྨ་དྲག་སྔགས་གླིང་པའི་ཡང་སྲིད་ཀྱི་བཏགས་མིང་པ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག དགེའོ། དགེའོ། དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ