དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 5 September 2012
ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་ལག་འཕྲིན་ཐོན་འདུག
མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་ཚོང་རར་བཀྲམ་པའི་བྱང་བུ་གཉིས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་འདི་ལ་ཕལ་ཆེར་ནུས་པའི་ཐོག་ཏུ་ཀུང་སི་རང་ཉིད་ཀྱིས་གསར་སྤེལ་དང་བོད་བསྒྱུར་བྱས་པའི་བཀོལ་སྤྱོད་བསྒྲིགས་རིམ་ཁ་ཤས་སྒྲིག་ཡོད།
ཆེས་བོད་ཀྱི་ཁྱད་ཆོས་ལྡན་པའི་དཔེ་ཆ་དང་བརྗེད་ཐོ་དག་ལ་ནུས་པ་གཤམ་གསལ་ལྟར།
༡གོང་གི་དཔེ་ཆ་ཟེར་བ་དེ་གློག་རྡུལ་དཔེ་ཆ་ཀློག་ཆས་ཀྱི་བཀོལ་སྤྱོད་བསྒྲིགས་རིམ་ཞིག་ཡིན་ལ།
དེའི་ནང་དུ་དགོས་མཁོ་ཆེ་བའི་དཔེ་ཆ་བཅུ་ཕྲག་ཁ་ཤས་བཞག་ཡོད།
ད་དུང་རང་ཉིད་ཀྱི་དགོས་མཁོ་དང་དང་བསྟུན་ནས་དཔེ་ཆ་མར་བསུབ་པ་དང་ཡར་ནང་འདྲེན་སོགས་གང་འདོད་བྱེད་ཆོག དེ་ལ་དཔེ་ཆ་བཤམ་ཚུལ་ནི་དཔེ་ཁྲི་རྣམ་རེའུ་མིག་རྣམ་པ་སྣེ་ག་གཉིས་ཡོད།
དཔེ་ཆ་ཀློག་ཚུལ་ནི་ཤོག་ལྷེ་རྣམ་པ་དང་གཞུང་བསྣུར་རྣམ་པ་དང་འཕྲེད་བསྣུར་རྣམ་པ་བཅས་ཡོད།
༢གང་གི་བརྗེད་ཐོ་ཟེར་བའི་བཀོལ་སྤྱོད་བསྒྲིགས་རིམ་དེའི་ནང་དུ་འཚོ་བའི་ཉིན་ཐོ་བྱ་རིམ་བརྗེད་ཐོ་རྩིས་ཐོ།
དམ་ཐོ་བཅས་ཐོ་འགོད་ཆོག་པ་མ་ཚད་དུས་ཐོག་ཏུ་ཅོང་དུས་སྒྲིག་ནས་དྲན་སྐུལ་བྱེད་པའི་ནུས་པ་ཡང་ཡོད།
སྒྲིག་སྦྱོར།འཆར་ཤེལ། དབྱིན་ཚོན་4。0དྭངས་གསལ་ཅན། 4808*800 སྒྲིག་བཀོལ་མ་ལག Android 2.2.3བརྙན་མིག ཁྲི་ལྔ་རྒྱའི་བརྙན་རྒྱུ། དྲ་བར་རྒྱབ་སྐྱོར།
CDMA2000 EVDO RevA,1x,
800MHz, CSM:900/1800MHZཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་ཁྱེར་འཕྲིན།
ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱི་དྲ་བར་རྒྱབ་སྐྱོར་འདུག
དམིགས་གསལ་ནུས་པ་ནི་འཛམ་གླིང་གནས་ཁེལ་མ་ལག་གིས་ཕྱོགས་སྟོན་བྱ་རྒྱུ་དེ་ཡིན།
ཨེ་ཤེས་མི་ཤེས་མ་བསམ།།
མ་གཞི་བོད་ཡིག་ལག་འཕྲིན།།
ཧོ་ཧོ་གློག་སྒོ་ཕྱེས་དང་།།
ཨེ་མ་ཧོ་ཡི་རྟགས་ཅན།།
| |||||||||||||||||||||||||||||
| |||||||||||||||||||||||||||||
|
ཨེ་ཡིག་སྟོང་པའི་རང་རྩལ་ལས། །
མ་ལུས་འགྲོ་ལ་ཕན་བདེའི་ཆེད། །
ཨ་ཧོ་ཕྱག་འཕྲིན་སཾ་བྷོ་ཊ། །
ཞིང་འདིར་སླར་ཡང་ཕེབས་མིན་ནམ། །
Subscribe to:
Post Comments (Atom)
0 comments:
Post a Comment