དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 9 September 2012

འཛམ་གླིང་གི་ཉི་ཟླ་ནོར་བུ། །

ན་མོ་གུ་རུ་ཡེ།


སྙིགས་དུས་ཀྱི་ལྟ་ངན་མུན་ཀློང་དུ། །

མཁྱེན་རབ་ཀྱི་ཉི་མ་འོད་པོ་ཆེ། །

ཞི་བདེ་ཡི་དེད་དཔོན་རིན་པོ་ཆེ། །

གོང་ས་ནི་རྒྱལ་བའི་དབང་པོ་མཁྱེན། །

མ་རིག་གི་རྨོངས་པ་བསལ་དུ་གསོལ། །

 
གནར་གཅོད་ཀྱི་འཚེ་བའི་ཚ་ཀློང་དུ། །

ཐུགས་རྗེ་ཡི་ཟླ་བ་འོད་པོ་ཆེ། །

བྱམས་བརྩེ་ཡི་པན་ཆེན་རིན་པོ་ཆེ། །

ཀུན་གཟིགས་ཀྱི་སྣང་བ་མཐའ་ཡས་མཁྱེན། །

བདེ་ཆེན་གྱི་དབང་མཆོག་བསྐུར་ཏུ་གསོལ། །

 
 
སྐྱབས་མེད་ཀྱི་གངས་ལྗོངས་མཁའ་ཀློང་དུ། །

ཐབས་ཤེས་ཀྱི་ཡིད་བཞིན་ནོར་བུ་ཆེ། །

རིགས་བདག་གི་བླ་མ་རིན་པོ་ཆེ། །

ཆོས་རྗེ་ནི་འཇིགས་མེད་ཕུན་ཚོགས་མཁྱེན། །

ཕན་བདེ་ཡིས་བསྟན་འགྲོར་སྨན་དུ་གསོལ། །

མཁྱེན་རབ་ཀྱི་ཉི་མ་གསལ་གྱུར་ཅིག །

བརྩེ་ཆེན་གྱི་དུང་ཟླ་རྒྱས་གྱུར་ཅིག །

ཐབས་ཤེས་ཀྱི་ཕྲིན་ལས་འཕེལ་གྱུར་ཅིག །

ཀུན་བཟང་གི་ཞིང་ཁམས་མངོན་གྱུར་ཤོག །

ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ཁྲུམས་སྟོད་ཟླ་ཚེས་དགེ་བར་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དང་ཚེ་སྐྱིད་ལྷ་མོས་བསྐུལ་མ་བཞིན་གང་དྲན་དུ་ཤྲྰི་སྨྱོན་པས་ཨེ་ཝྃ་རི་ཁྲོད་དུ་བྲིས་པ་དགེའོ། ། ། །

0 comments:

ཟིན་བྲིས་འཚོལ་ཡུལ