དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 9 October 2012
ཨ་ཅེའི་སྙིང་གཏམ། འོས་སྦྱོར།
[ སྤྲུལ་ཐོབ་ནོར་ཟིན་བྲིས་ལས]



ཁུ་བྱུག་སྔོན་མོའི་གསུང་སྙན་ཐོས་པའི་ཚེ། སྐྱེ་ཡུལ་ཕ་མ་དྲན་པའི་གསལ་འདེབས་བྱུང་། ན་ཆུང་མཛེས་མ་རྒྱན་ལྡན་ཡིད་འོང་མ། མཐོང་བའི་མོད་ལ་རང་ཡུལ་བག་ཆགས་དྲན། ཨ་ཀྱང་དྲན་པ་མང་པོ་ཀུ་རེ་ཡིན། དོན་གྱི་དོན་ལ་བསླབ་བྱ་འདི་ལྟར་ཡོད།ཁྱོད་ནི་ད་ལྟ་སློབ་པ་ལམ་གྱི་དུས། མི་ཆོས་ལྷ་ཆོས་གཉིས་པོར་མཁས་པ་དགོས། རིག་གཞུང་ཡོན་ཏན་སྤེལ་བའི་སྦྱིན་པ་དགོས། ཁྲེལ་དང་ངོ་ཚ་ཤེས་པའི་ཚུལ་ཁྲིམས་དགོས། བཟང་ངན་འབྲིང་གསུམ་ཁུར་བའི་བཟོདཔ་དགོས། འདི་ཕྱིའི་ལས་དོན་གཉེ་བའི་བརྩོན་འགྲུསདགོས། དྲང་པོའི་ལམ་ལ་འགྲོ་བའི་བསམ་གཏན་དགོས། ཆགས་སྡང་མཐའ་ལ་མ་ལྷུང་ཤེས་རབ་དགོས། སྤྱི་ཁྱབ་འགྲོ་ལ་ཕན་པའི་སྨོན་ལམ་དགོས། དགོས་པའི་བསླབ་བྱ་ཨ་ཅེའི་སྙིང་གཏམ་ཡིན།
མཁའ་འགྲོ་བྱང་ཆུབ་ལྷ་མོས་སྐལ་བཟང་སྒྲོལ་མ་ལ་བྲིས་པའི་བསླབ་བྱ་འདི་ཉིད་ངོ་དེབ་ལས་བཤུས་པ་ཡིན།

0 comments:

ཟིན་བྲིས་འཚོལ་ཡུལ