དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 22 November 2012
དགོན་པ་དང་འབྲེལ་བའི་སློབ་གསོ་ལེགས་བཅོས་ཀྱི་སྐོར་སྤྱིར་བཤད་པའི་སྐབས།


ཉེས་པ་ཐམས་ཅད་ཀྱི་རྩ་བ།


དེ་ལྟ་ན་ཡང་དགོན་པ་མང་པོ་ཞིག་གི་ནང་ན་རིག་གནས་མཐའ་དག་གི་སློབ་གཉེར་ལྟ་ཅི། ནང་དོན་རིག་པ་ཁོ་ནའི་ཕྱོགས་ཀྱི་སློབ་གཉེར་བྱ་རྒྱུ་ཡོད་པའང་ཤིན་ཏུ་དཀོན། དགོན་པ་ཚོའི་ནང་ལ་མཚོན་ན།རིག་གནས་ཁ་ཚང་ལྟ་ག་ལ་ཡོད་དེ། ནང་དོན་རིག་པ་རྐྱང་པ་ཞིག་ཡིན་ན་ཡང་དེའི་ཐོག་ལ་སློབ་གཉེར་དང་སྒོམ་སྒྲུབ་བྱ་ཡུལ་གྱི་བཤད་གྲྭ་དང་སྒྲུབ་གྲྭ་ཡོད་ས་ན་ནིང་དོ་ཚིགས་ཅུང་ཟད་ཇེ་མང་དུ་འགྲོ་གི་ཡོད་པ་ཙམ་ལས་རྙིང་མའི་དགོན་པ་ཞིག་ཡིན་ཕན་ཆད་དེ་བས་ཀྱང་ཤིན་ཏུ་དཀོན་པོ་རེད།དེའི་དབང་གིས་དགོན་པ་ཕལ་མོ་ཆེའི་གྲྭ་པ་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་བྱེད་རྒྱུ་ཡོད་པ་མ་རེད།


ང་ཚོ་གསེར་རྟ་ལྟ་བུར་མཚོན་ན་དགོན་པ་སུམ་ཅུ་ནང་ཞིག་ཡོད།ཉག་རོང་རྫོང་ལྟ་བུ་ལ་བསམ་བློ་བཏང་ན་བོན་པོ་དང་བཅས་པའི་དགོན་པ་དྲུག་ཅུ་ནང་ཞིགབྲག་མགོ་ལ་སུམ་ཅུ་ནང་ཞིག་བཅས་ཡོད་ན་ཡང་།དེའི་ནང་གི་རྙིང་མ་དང་གསར་མའི་དགོན་པ་གང་ཡིན་ན་ཡང་སློབ་སྦྱོང་བྱ་རྒྱུ་ཡོད་ས་དང།ཆོས་ཕྱོགས་ཀྱི་སྦྱོང་བརྡར་བྱ་རྒྱུ་ཡོད་ས་ཤིན་ཏུ་ནས་ཀྱང་དཀོན་པོ་རེད།

དེའི་དབང་གིས་གྲྭ་པ་དག་གིས་སྡེ་སྣོད་གསུམ་གྱི་དོན་མི་མཁྱེན།དེ་མ་མཁྱེན་པར་བསླབ་པ་གསུམ་གྱི་ཉམས་བཞེས་ལེགས་པོ་མི་ཡོང།དཔེ་ཞིག་བཞག་པ་ཡིན་ན།འདུལ་བའི་སྡེ་སྣོད་མ་ཤེས་ན་འདུལ་བའི་བསླབ་པ་ཉམས་སུ་ལེན་མི་ཤེས་པ་དང་འདྲ།དེ་འདྲའི་དབང་གིས་འཇིག་རྟེན་མ་དད་པར་གྱུར་པའི་བྱ་བ་མང་པོ་གང་སར་ཁྱབ།གྲྭ་པ་ཐམས་ཅད་ཀྱང་ཁྱིམ་དུ་སོང་ནས་དགྲ་འདུལ་རྒྱུ་དང་གཉེན་སྐྱོང་རྒྱུ་སོགས་འདྲ་དང་མི་འདྲ་བ་མང་པོ་བྱེད་ཀྱི་ཡོད།དཔེར་ན།གསེར་རྟ་རྫོང་ལ་ན་ནིང་གི་ལོ་ཁམས་འདིར་མི་གསོད་མཁན་གྱི་བཙོན་པ་༡༡ཡོད་པའི་ནང་ནས་༧གྲྭ་པ་ཡིན་པ་རེད།དེ་མ་ཡིན་པར་ཡང་གྲྭ་པ་རྣམས་ཁྱིམ་དུ་སོང་ནས་ཞོར་ལས་འདྲ་བྱས།ཚོང་འདྲ་བརྒྱབ།དབྱར་རྩྭ་དགུ་འབུ་འདྲ་བརྐོས།ཆེ་ས་ནས་མི་གསོད།རྟ་འདེད།ཇག་རྒྱག་པ་སོགས་ཁྱིམ་པའི་ཁ་འཛིན་དང།དགྲ་འདུལ་གཉེན་སྐྱོང་གི་བྱ་བ་འདྲ་དང་མི་འདྲ་མང་པོ་གང་སར་ཁྱབ་བཞིན་ཡོད།

དེ་བས་ཉེ་ས་ནས་བསམ་བློ་ཞིག་ཐོངས་དང་།ང་ཚོ་བླ་རུང་ཁར་ཡོང་མཁན་གྱི་རླངས་འཁོར་གླ་པ་འདི་དག་ཀྱང་མང་ཆེ་བ་གྲྭ་པ་ཁོ་ནས་ཁ་ལོ་པ་བྱས་ནས་ཡོང་གི་ཡོད།འདི་རིགས་ཚང་མ་སྒོར་མོའི་དོན་རེད།དེ་དང་འདྲ་བར་གསེར་ཁོག་ལ་མར་འགྲོ་དུས་ཁང་པ་ལས་སར་བལྟས་པ་ཡིན་ན་ཡང་མང་ཆེ་བ་བནྡེ་ཁོ་ནས་ལས་བཞིན་འདུག་པ་ལྟ་བུ་རེད།

དེས་ན་རིག་གནས་ནི་ཅི་ཡང་མེད།ལས་ཀ་ནི་མི་སྐྱ་ཕོ་མོ་དང་གཅིག་པ་ཆགས།བསམ་པ་ནི་མི་སྐྱ་རིག་གནས་ཡོད་པ་ཞིག་གི་བསམ་པ་ཡང་མེད།སྒོར་རྡོག་ཁ་ཤས་དང་ཞོར་ལས་རེ་རག་མི་རག་ཙམ་ལ་མགོ་འཁོར་བསྡད་པ་ཡིན་ན་དགེ་འདུན་པའི་སྡེ་ཟེར་བ་དེ་ཅི་ལྟ་བུ་ཞིག་ཡིན་ས་རེད།དེ་འདྲའི་དབང་གིས་དགེ་འདུན་པ་ལ་མཐོང་ཆུང་དང་སྐྱེ་བོ་མང་པོའི་རྒྱུད་ལོག་ལྟས་ཁེངས་པས་བསྟན་པ་ལ་ཉམས་ཉེས་ཆེན་པོ་བྱུང་བ་གོར་མ་ཆག་མོད།ཉེས་པ་ཐམས་ཅད་ཀྱི་རྩ་བ་དགོན་པའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་གནད་སྨིན་ཞིག་མེད་པ་འདི་ཉིད་ལ་ཐུག་པ་ཡིན་པར་ཤེས་དགོས།

དེ་ཡང་དེའི་གཙོ་བོ་དངོས་གནས་དེ་གང་ལ་ཐུག་འདུག་ཟེར་ན།དཔེར་ན།སྤྱིར་བཏང་རི་ཁྲོད་དུ་(རི་ཁྲོད་ཅེས་པ་སྐབས་འདིར་རི་ཁྲོད་ཀྱི་མཚམས་པ་དང་ཆོས་སྒར་ཁག་ལ་གོ་གི་འདུག)སྡོད་མཁན་དང།དགོན་པར་སྡོད་མཁན་གྱི་གྲྭ་པ་བརྒྱ་ཆར་བགོས་པ་ཡིན་ན་རི་ཁྲོད་དུ་སྡོད་མཁན་བརྒྱ་ཆ་ཉི་ཤུ་ཡོད་མེད་རེད།དེ་འཕྲོས་བརྒྱ་ཆ་བརྒྱད་ཅུ་དགོན་པར་སྡོད་མཁན་རེད།མི་བརྒྱའི་ནང་ནས་ཉི་ཤུ་རི་ཁྲོད་དུ་སྡོད་མཁན་ཡིན་ན་གཞན་བརྒྱད་ཅུ་ཐམ་པ་དགོན་པའི་ནང་ན་བསྡད་ཡོད་པ་རེད།དགོན་པའི་ནང་ན་ནི་བཤད་པ་མེད།སྒྲུབ་པ་མེད།གལ་ཏེ་མིང་འདོགས་ས་ཙམ་རེ་ཡོད་ཀྱང་ཚད་འགྲོ་གནད་སྨིན་དེ་འདྲ་ཞིག་མ་ཡོད་ཕྱིན་བནྡེ་རྣམས་ལ་ཡང་ཁག་ཡོད་པ་མ་རེད།ཆོས་ཟེར་བ་དེ་ཇི་ལྟ་བུ་ཞིག་ཡིན་པ་ནི་མི་ཤེས།ཉམས་ལེན་ཟེར་བ་དེ་ཇི་ལྟ་བུ་ཞིག་བྱེད་དགོས་པའང་མི་ཤེས་པར་དེ་ལྟ་བུ་ཞིག་ཆགས་འགྲོ་གི་ཡོད།།


0 comments:

ཟིན་བྲིས་འཚོལ་ཡུལ