དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 23 November 2012
དུས་ཐོག་ཆར་པ་མུ་འགོད།(3)ཉི་ཟླ་བཞིན་གསལ་བའི་གསལ་ལུགས།
[ ཚུལ་ཁྲིམས་བློ་གྲོས། ] [ 2012-11-23 ]



འོ་ན་ང་ཚོའི་དགོན་པ་དག་གིས་ད་ནས་ཇི་ལྟར་བྱ་དགོས་ཤེ་ན།མ་གཞི་ང་ཚོ་བོད་ན་ཡོད་པའི་ཆོས་འདི་འདྲ་བ་ཞིག་འཛམ་བུ་གླིང་གང་ནའང་ཡོད་པ་མ་རེད།སྤྱིར་ན་འཛམ་བུ་གླིང་གི་ནུབ་ཕྱོགས་སུ་ནི་དུས་རབས་ཉི་ཤུ་པའི་ནང་གཟོད་དར་སོང་བ་ཞིག་མ་གཏོགས་སྔར་དར་མྱོང་མེད།ཤར་ཕྱོགས་སུ་ཅུང་ཟད་ཅིག་ཡོད་པ་རེད་དེ།ལྷོ་བརྒྱུད་ཀྱི་ཆོས་ཟེར་བ་དག་ནི་ཉན་ཐོས་ཀྱི་ལུགས་ཙམ་མ་གཏོགས་གཞན་མེད།དེ་ལས་གཞན་གཙོ་བོ་ཡོད་ས་དེ་བོད་དང་རྒྱ་ནག་རེད་དེ།རྒྱ་ནག་ཏུ་ཡང་མདོ་ཙམ་མ་གཏོགས་སྔགས་སྐོར་ཆེར་ཡོད་པ་མ་རེད།གང་ཡོད་པ་ནི་བྱ་རྒྱུད་ཀྱི་ཕྱོགས་གཏོགས་ཀྱི་སྔགས་ཅུང་ཟད་རེ་རེད།མ་གཞི་སྔགས་སྐོར་སྔོན་ཆད་ཅིག་ལ་ཅུང་ཟད་བསྒྱུར་པ་རེད་ལ།གླེགས་བམ་དག་ད་དུང་ཡང་ཡོད་པ་རེད།ཡིན་ནའང་།དེར་བླ་མེད་ཀྱི་རྒྱུད་ཀྱི་ཉམས་ལེན་སྐོར་ག་ལ་ཡོད་དེ།བྱ་རྒྱུད་རང་གི་སྐོར་ཡིན་ནའང།དབང་བསྐུར་རྒྱུ།ཉམས་ལེན་བྱ་རྒྱུ།འཆད་ཉན་གྱི་རྒྱུན་སོགས་ཡོད་པ་མ་རེད།དེ་ཡིན་དུས་བྱ་རྒྱུད་ཀྱི་སྐོར་གྱི་གླེགས་བམ་ཅུང་ཟད་རེ་མ་གཏོགས་གསང་སྔགས་ཟེར་བ་ཞིག་གཞི་ནས་ཆེར་ཡོད་པ་མ་རེད་ལ།ནང་རྒྱུད་ཀྱི་སྐོར་ནི་དེ་བས་ཀྱང་ཡོད་པ་མ་རེད།དེ་མིན་གཞན་འཛམ་བུ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཙ་གེ་ཙིག་གེ་དག་གི་ནང་ན་ཆོས་ཅུང་ཟད་རེ་ཡོད་ཀྱང།དེ་ཚང་མ་གཙོ་ཆེར་རྒྱ་ནག་སོགས་ནས་ཡར་དར་བའི་ཐེག་ཆེན་གྱི་མདོའི་སྐོར་འདྲ་མ་གཏོགས་གསང་སྔགས་ཡོད་པ་མ་རེད།རྒྱ་གར་དང་བལ་པོ་ལ་སོགས་པར་སྔར་ཡང་གསང་སྔགས་གསང་རྒྱ་ཅན་ཡིན་པའི་དབང་གིས་རྒྱ་ཆེན་པོ་ཞིག་མ་ཡོད་པ་རེད་ལ།ཕྱིས་ནས་ནི་དེ་བས་ཀྱང་མུ་སི་ལམ་གྱིས་རྒྱ་གར་རྒྱལ་ཕྲན་ཆུང་ཆུང་དག་གི་རྒྱལ་པོ་རྣམས་ཆམ་ལ་ཕབ་སྟེ་ཆོས་ལུགས་བསྒྱུར་པའི་སྟབས་ཀྱིས་ནང་པ་ཉམ་ནས་སྔགས་ཙམ་མ་ཟད་མདོ་ཡང་ཆེར་མེད་པ་དེ་འདྲ་ཞིག་ཏུ་གྱུར་པ་རེད།དེའི་སྟབས་ཀྱིསའཛམ་བུ་གླིང་ཡོངས་རྫོགས་ཀྱི་ཐོག་ན་ནང་པ་སངས་རྒྱས་པའི་ཆོས་ཆ་ཚང་བ་ཉན་ཐོས་ནས་ཐེག་པ་ཆེན་པོ་བླ་མེད་ཀྱི་བར་དུ་ཡོད་ས་དེ་བད་ཡིན་པ་ལས་གཞན་སུ་གཅིག་ལའང་འདི་བཞིན་ཡོད་ཀྱི་ཡོད་པ་མ་རེད།
སྤྱིར་དུས་ཀྱི་མཐའ་ཁར་རྩང་དེ་རིང་གི་དུས་སྐབས་འདི་ལྟ་བུར་ཡང་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་ཆར་ལ་རིག་པ་མང་པོ་དང།ནུབ་ཕྱོགས་ལ་ཡང་ལོ་སྟོང་ཕྲག་གཉིས་ལྷག་གི་གོང་ནས་དར་བའི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང།ཤར་ཕྱོགས་སུ་ཡང་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱའི་གོང་ནས་དར་བའི་རྒྱ་ནག་ཁུང་ཙིའི་རིག་པ་སོགས་རིག་པ་རྙིང་པ་དང།དེ་མིན་རིག་པ་གསར་པ་གཙོ་བོ་ཡོངས་གྲགས་ནུབ་ཕྱོགས་ནས་དར་བ་དག་སྟེ།རིག་པ་གསར་པ་དང་རྙིང་པ་མང་པོ་ཡོད་ནའང།དེ་གཉིས་ཆར་གྱི་ནང་ནས་ཆེས་ཁྱད་པར་དུ་འཕགས་པ་ཉི་ཟླ་བཞིན་དུ་ལྷང་ངེར་གསལ་བ་འདི་ནང་པ་སངས་རྒྱས་པའི་རིག་པ་འདི་རེད།འདི་ཉི་ཟླ་བཞིན་གསལ་བའི་གསལ་ལུགས་མང་པོ་བཤད་རྒྱུ་ཡོད་པ་རེད།འདི་ལྟ་བུའི་ཆོས་འདི་ཕྱི་ནང་གི་རྒུད་པ་གསོ་བ་ལ་མེད་དུ་མི་རུང་བ་ཞིག་ཀྱང་རེད།
དེ་ཡང།ཕྱིའི་རྒུད་པ་ནི་དེང་གི་དུས་འདིར་ཁོར་ཡུག་ལ་གཏོར་སྐྱོན་མང་པོ་བྱས་ནས་སེམས་ཅན་རྣམས་གནས་སའི་ཡུལ་རྩ་བ་ནས་མེད་པར་གྱུར་པ་དེ་འདྲ་ཆགས་ཡོངགི་ཡོད་པ་རེད།ཁར་རྩང་དེ་རིང་གི་ལས་ཀ་ལས་སྟངས་འདི་མུ་མཐུད་ནས་སོང་བ་ཡིན་ན་ད་ནས་ལོ་བཞི་བཅུའི་རྗེས་སྤྱི་ལོ་༢༠༥༠ཐམ་པ་ནས་མི་རྣམས་ས་གཞི་འདིའི་ཐོག་ཏུ་འདུག་ཐབས་དཀའ་ལ་ཁད་ཅིག་ཡོང་གི་རེད་ཅེས་ཟེར་གྱི་ཡོད་པ་དེ་འདྲ་དེ་ལ་ཕྱིའི་རྒུད་པ་ཟེར།
ནང་གི་རྒུད་པ་ཟེར་ན།རྒྱལ་ཁབ་རྣམས་ཀྱིས་གཅིག་གིས་གཅིག་ཡིན་ནའང་འདྲ།མི་རིགས་རྣམས་ཀྱིས་གཅིག་གིས་གཅིག་ཡིན་ནའང་འདྲ།ནང་ཕན་ཚུན་ཕྲག་དོག་དང་ཞེ་སྡང་གིས་ཕན་ཚུན་ནམ་ཡིན་ན་ཐུག་ལ་ཁད་བྱས་ཏེ་ཆགས་སྡང་མེ་ལྟར་དུ་འབར་བཞིན་ཡོད་པ་འདི་ལ་ཟེར།འདི་ཐམས་ཅད་གསོ་བར་བྱེད་དགོས་པ་ཡིན་ན་གཙོ་བོ་ནང་པ་སངས་རྒྱས་པའི་རིག་པ་འདི་ལ་བརྟེན་ནས་མ་གཏོགས་ཐབས་ཤེས་ཡོད་པ་མ་རེད་ལ།མང་ཆེ་བ་ཞིག་གིས་དེ་ལྟར་བསམ་གྱི་ཡང་ཡོད་པ་རེད།དེ་བཞིན་སྣོད་བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བའང་འདི་རེད།
དེ་ཡང་སྣོད་ལ་བསམ་བློ་བཏང་བ་ཡིན་ན།འཛམ་བུ་གླིང་འདིའི་ཐོག་ན་དེ་ཙམ་གནོད་སྐྱོན་མ་ཕོག་པའི་ཡུལ་ཉི་ཤུ་རྩ་བཞི་ཡོད་པ་དེའི་ནང་བོད་ཀྱང་གཅིག་རེད།བོད་ལ་མཚོན་ན་འཛམ་བུ་གླིང་གི་མཐའ་མའི་ཞིང་ཁམས་ཟེར་གྱི་ཡོད་པ་རེད།མཐའ་མའི་ཞིང་ཁམས་ཟེར་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན།སྤྱིར་བཏང།བོད་ནང་གི་རི་དང་ནགས་ཚལ།དེ་བཞིན་ཆུ་ལ་སོགས་པ་མང་པོ་ཞིག་ལ་གཏོར་བརླག་ཐུ་མོ་སོང་ཚར་བ་རེད་དེ།བོད་རང་གི་དབང་དུ་བྱས་ནས་ནམ་ཡང་ཆུ་དང་རི་ལ་སོགས་པ་ལ་གནོད་པ་བྱེད་མ་མྱོང་བར་སྲུང་སྐྱོབ་དཔེ་མི་སྲིད་པ་བྱས་ཡོད་པ་དེས།ད་དུང་ཡིན་ན་ཡང་འཛམ་བུ་གླིང་གི་ཐ་མའི་ཞིང་ཁམས་ཟེར་ནས་གནོད་སྐྱོན་མ་ཕོག་ས་འདྲ་པོར་འཇོག་གི་ཡོད།དེ་ནི་ནང་པའི་ཆོས་དར་བ་ལས་བྱུང་བ་རེད་ལ།མཁས་པ་མང་ཆེ་བས་ཀྱང་དེ་ལ་ངོས་འཛིན་བྱེད་གྱི་ཡོད་པ་རེད།
བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་བྱེད་ནུས་ཀྱི་ངོས་ནས་བཤད་ན་དེ་ནི་སེམས་ཅན་རྣམས་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པ་དེ་རེད་ལ།འདི་ལ་ནི་དེ་བས་ཀྱང་ནང་པ་སངས་རྒྱས་པའི་རིག་པ་འདི་མ་ཡོད་ཕན་ཆད་ཅི་ཡང་ཡོང་གི་མ་རེད།སྤྱིར་ཡེ་ཤུའི་ཆོས་ལུགས་ལ་སོགས་པ་ཆོས་ལུགས་གཞན་མང་པོ་རྣམས་ཀྱིས་ཀྱང་བྱམས་སྙིང་རྗེ་ལ་སོགས་པ་འདི་དག་དགོས་ཟེར་གྱི་ཡོད་ན་ཡང་།དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ལོ་རྒྱུས་ཀྱི་ཐོག་ཏུ་ཡེ་ཤུའི་ཆོས་པ་རྣམས་ཀྱིས་རང་གི་ཆོས་ལུགས་ཀྱི་མངའ་ཐང་དང་ཆབ་སྲིད་རྒྱ་བསྐྱེད་ར་བྱ་བའི་ཆེད་དུ་ཆབ་སྲིད་དང་རྒྱལ་པོ་རྣམས་ཀྱི་དཔུང་དང་བསྡེབས་ནས་འགྲོ་བ་གཞན་རྣམས་དང་མིའི་རིགས་ལ་སྡུག་བསྔལ་མང་པོ་གཏད་ཡོད།དེ་ཡང་ཁོང་དག་གིས་སེམས་ཅན་ལ་གནོད་པ་བསྐྱལ་ལུགས་དེ་ཧ་ཅང་མང་པོ་བཤད་རྒྱུ་ཡོད་པ་རེད།དེའི་ཕྱིར་ན་ནང་པ་སངས་རྒྱས་པ་མ་གཏོགས་གཞན་རྣམས་ཀྱིས་སེམས་ཅན་ལ་ཕན་པ་ཕྱོགས་རེ་ཙམ་ཐོགས་པ་ལས་དོན་ངོ་མ་རྩ་བ་ཉམས་ཀྱིས་བཤད་ན།ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ལྟ་བུ་གཞན་ལ་ཕན་པ་བྱེད་མཁན།འཇིག་རྟེན་གྱི་རིག་པ་རྣམས་ཀྱི་ནང་དུ་ཕར་བཞགཆོས་ལུགས་ཡིན་ཟེར་མཁན་དག་གི་ནང་དུའང་ཡོད་པ་མ་རེད།དེའི་ཕྱིར་ན་ནང་པ་སངས་རྒྱས་པའི་རིག་པ་འདི་ཁོ་ན་སྣོད་བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཚུལ་ངོ་མ་དེ་རེད།འདི་ཡུན་ནས་ཡུན་དུ་གནས་པ་ཞིག་དགོས་མི་དགོས་རང་རང་སོ་སོས་ངེས་པར་བསམ་བློ་གཏོང་དགོས།གལ་ཏེ་དགོས་པ་ཡིན་ན་རི་ཁྲོད་ཙམ་གྱིས་མ་ཡིན་པར་རྩ་བའི་ཐོས་བསམ་གྱི་གཞི་ཞིག་འཇོག་དགོས་པ་དང་།དེ་ནི་དགོན་པའི་ནང་དུ་གཞི་བཞག་ནས་ཡོང་དགོས།
སྤྱིར་བཏང་ཡང་བྱ་བ་ལས་ཀ་གང་ཞིག་ལས་པ་ཡིན་ན་ཡང་རྨང་གཞིའི་སྟེང་ནས་ལས་ཡོང་དགོས་པ་རེད་མ་གཏོགས།རྨང་གཞིའི་ཐོག་ནས་གཅིག་མེད་པ་ཡིན་ན།གཞན་རི་ཁྲོད་དང་བཤད་གྲྭ་གཅིག་གཉིས་རེ་ཡོད་པ་ཙམ་གྱིས་ནི་སྤྱི་ཁྱབ་ལ་རྒྱ་ཁྱོན་ཆེན་པོ་ཞིག་གི་ཐོག་ནས་ཕན་ཐོགས་ཐུབ་ཀྱི་མ་རེད།
དེ་ཙམ་མ་ཟད།རི་ཁྲོད་ཟེར་ན་ཡང་དགོན་པ་དང་འབྲེལ་བ་རྩ་བ་ཉིད་ནས་མེད་པ་ཞིག་མ་རེད།རི་ཁྲོད་ན་ཡོད་པ་རྣམས་ཀྱང་ཕྱིར་སོང་ནས་དགོན་པར་འདུག་མཁན་སོགས་མང་ཆེ་བ་དེ་ལྟར་ཡིན་དུས།གཙོ་བོ་དགོན་པ་རྣམས་ཀྱི་ནང་དུ་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་བཤད་སྒྲུབ་ཀྱི་བསྟན་པ་སྤུས་ལེགས་རེ་མེད་ཐབས་མེད་པས་ཐོས་བསམ་ཡག་པོ་ཞིག་ཚུགས་དགོས་མོད།དེ་ཡོང་དང་མི་ཡོང་ཞིབ་ཏུ་བལྟས་ཡོང་དུས་དགོན་དཔོན་དང་དགེ་བསྐོས་སོགས་ཀྱི་བསམ་པ་ལ་ཏག་ཏག་རག་ལས་འདུག།།

0 comments:

ཟིན་བྲིས་འཚོལ་ཡུལ